༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༢ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་གནམ་ཐང་དུ་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། དོན་ཁང་གི་ལས་བྱེད་རྣམ་པ། དེ་བཞིན་བེལ་ཇ་ཡམ་བོད་རིགས་ཚོགས་པ་དང་། དབུས་གཙང་ཚོགས་པ་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག མདོ་སྨད་ཚོགས་པ། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག ཉིན་དེར་བེལ་ཇ་ཡམ་བོད་རིགས་ཚོགས་པ་དང་། ས་གནས་དབུས་གཙང་ཚོགས་པ། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག མདོ་སྨད་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ནས་བཀའ་བློན་མཆོག་ལ་སྣེ་ལེན་གྱི་གསོལ་སྟོན་འདེགས་འབུལ་ཞུས་འདུགཕྱི་དྲིལ་བཀའ་བློན་མཆོག་གཟའ་འཁོར་འདིའི་རེས་གཟའ་པ་སངས་བར་བེལ་ཇམ་དང་། ཕ་རན་སི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་། གཞུང་ཚབ་མི་སྣ་ཁག་ཅིག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་དང་མཇལ་འཕྲད་གནང་གི་འདུག་ལ། དེ་རྗེས་ཅེག་གི་རྒྱལ་ས་པ་རག་ཏུ་ལས་རིམ་ཁག་ཅིག་ཡོད་འདུག་པ་བཅས།།