༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོ
དུས་དྲན་གྱི་དགོང་དྲོའི་དགྱེས་སྟོན་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་ཀྱི་ལོ་རྒྱུས། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ཐད་འགྲེལ་བརྗོད་གནང་ཡོད་ཅིང་། དེ་ནས་ཐའེ་ཝན་ཧཱ་ཀ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཡང་ཁྲང་ཁྲིན་ (Yiong Con-Ziin) མཆོག་གིས་གཅོས་པའི་ཐའེ་ཝན་སྲིད་འཛིན་གྱི་སློབ་སྟོན་པ་སྐུ་ཞབས་ (Yao Jia-Wen) ལགས། ཐའེ་ཝན་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ (Tien Chung Kwang) ལགས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
བོད་མི་མང་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲིད་ཐར་ལགས་དགྱེས་སྟོན་གྱི་མཛད་སྒོའི་སྐུ་མགྲོན་གཅོས་བོའི་གྲས་སུ་ཕེབས་གནང་ཡོད་པ་དང་། དགྱེས་སྟོན་མཛད་སྒོའི་དབུ་དབྱེད་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བདེན་ཚིག་སྨོན་ལམ། བོད་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་བཏུད་སྐར་མ་གཅིག་ཞུས། དེ་ནས་ཐའེ་ཝན་བོད་ཀྱི་གཞས་པ་ལྷུན་གྲུབ་ལགས་ནས་མཛད་སྒོ་དབུ་འབྱེད་དང་མཇུག་བསྡུམས་གཉིས་ལ་དུས་དྲན་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་གླུ་གཞས་ཕུལ་ཡོད། མཛད་སྒོ་ཐོག་སྐུ་མགྲོན་གྲངས་ ༡༥༠ ལྷག་མཉམ་འཛོམས་ཀྱིས་དགའ་སྤྲོ་ངང་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་བཅས། །
ཐའེ་ཝན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ངང་ཞུས་པ།
གསར་གནས།

འབྲེལ་གནས།
