༄༅། །འདི་གར་ཆེ
དེ་ཡང་སྦྱོང་བརྡར་གྱི་མཇུག་བསྡོམས་མཛད་སྒོ་ཐོག སྦྱོང་བརྡར་བ་སྐུ་ཚབ་གཉིས་ནས་སོ་སོ་མྱོང་ཚོར་བཤད་མཚམས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་ནས་ཁྲིམས་ལུགས་དབང་འཛིན་གྱི་གལ་གནད་སྐོར་དང་། སློབ་འཁྲིད་པ་དང་མཐུན་འགྱུར་བ་རྣམས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཁོང་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཕྱག་རྟགས་དང་མཇལ་དར་སྒྲོན། དེ་བཞིན་སྦྱོང་བརྡར་བ་རྣམས་ལ་སྦྱོང་བརྡར་ནང་མཉམ་ཞུགས་ཀྱི་ཕྱག་འཁྱེར་དང་མཇལ་དར་སྒྲོན། དེའི་རྗེས་སློབ་འཁྲིད་པ་ཀྲི་ཌི་ཝ་རན་ (Ms. Christie) ལགས་དང་། ཇོན་ (Mr. John) ལགས་ནས་རང་ངོས་ཀྱི་མྱོང་ཚོར་གསུང་བཤད་གནང་།
མཐའ་དོན་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་རིན་ཆེན་བཟང་མོ་ལགས་ནས་སྦྱོང་བརྡར་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྒྲོམ་གཞི་མདོར་བསྡུས་ངོ་སྤྲོད་ཞིག་བྱས་པ་དང་། དེའི་རྗེས་ཐུགས་རྗེ་ཆེ་ཞུས་ཏེ་ཁྲིམས་རྩོད་ཞུ་གཏུག་གི་སྦྱོང་བརྡར་འདི་མཇུག་སྒྲིལ་གནང་ཡོད་པ་བཅས། །