༄༅། །འདི་གར་ཆེ
སྦྱོང་བརྡར་འདིའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་མ་ལག་གི་ཁྲིམས་དོན་ལས་བྱེད་རྣམ་པ་དང་། གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་ཁྲིམས་དོན་ལས་བྱེད། དོ་དབྱིངས་ཅན་གྱི་ཁྲིམས་ལུགས་རིག་པ་བ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་གི་ལས་བྱེད་ཁག་ཅིག་བཅས་ཁྱོན་མི་གྲངས་ ༢༡ མཉམ་ཞུགས་གནང་ཡོད་པ་དང་སྦྱོང་བརྡར་སྐབས་ཁྱད་མཁས་སློབ་འཁྲིད་པ་ཀྲི་ཌི་ཝ་རན་ (Ms. Christie Warren, Professor of the Practice of International and Comparative Law and fouding Director of the Center for Comparative Legal Studies and Post-Conflicit Peacebuilding at William & Mary Law Sachool) ལགས་དང་། ཇོན་ (Mr. John W. Vaudreuil, Ex.the Unite States Attroney for the Western District of Wisconsin) ལགས་གདན་འདྲེན་ཞུས་ཡོད།
སྦྱོང་བརྡར་དངོས་སུ་དབུ་འཛུགས་མ་ཞུ་གོང་སྤྱི་ཁྱབ་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་ཀྱིས་ཁྲིམས་རྩོད་ཞུ་གཏུག་གི་སྦྱོང་བརྡར་སྤྲོད་དགོས་པའི་དམིགས་ཡུལ་འགྲེལ་བརྗོད་རྗེས་རོགས་ཚོགས་སྐུ་ཚབ་བསྟན་འཛིན་དོན་ཡོད་ལགས་ནས་སྦྱོང་བརྡར་གོ་སྒྲིག་གི་བརྒྱུད་ངོ་སྤྲོད་གནང་། སློབ་འཁྲིད་པ་རྣམ་གཉིས་ནས་དོ་བདག་སོ་སོ་ངོ་སྤྲོད་རྗེས་ཚོགས་བཞུགས་པ་རྣམས་ནས་རིམ་པའི་ངོ་སྤྲོད་གནང་བ་བཅས། །