༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༡ ཉིན་ཀུམ་རའོ་སྒ་པ་བོད་མིའི་ས་འགོ་འཛིན་དབར་རྩིས་སྤྲིད་རྩིས་ལེན་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་སྤུ་རུ་ཝ་ལ་ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་སྤྲོད་དཔང་གནང་སྟེ་ཀུམ་རའོ་ས་གནས་འགོ་འཛིན་བསོད་ནམས་དབང་འདུས་ལགས་དང་གསར་བསྐོ་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་བར་ས་འགོའི་བདག་དབང་དུ་ཡོད་པའི་ཡིག་ཆ་དང་ལས་དམ་སོགས་རྩིས་སྤྲོད་རྩིས་ལེན་གནང་ཡོད། །