༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བློ་བཟང་སྒྲོལ་དཀར་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་གནས་མཆོག་རྡོ་རྗེ་གདན་ རྒྱལ་སྤྱིའི་རིག་གཞུང་ལྟེ་གནས་ ཁང་གི་ཚོགས་ཁང་ནང་༸ སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་ རྗེ་དྲུང་སྐུ་ཕྲེང་དང་པོ་མཁས་གུ བ་རྗེའི་གཅུང་པོ་སྙན་བརྒྱུད་ གདམས་པའི་མངའ་བདག་དགའ་ལྡན་ཁྲི་ ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་དཔལ་ བཟང་པོ་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༥༥༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི ་མཛད་སྒོ་ཚོགས་ཡོད།
མཛད་སྒོའི་ཚོགས་མགོན་དུ་སྐུ་མགྲོ ན་གཙོ་བོ་འཁོན་རིགས་བསྟན་པའི་ མངའ་བདག་༧དཔལ་ས་སྐྱ་གོང་མ་ཁྲི་ ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ དང་། དམིགས་བསལ་སྐུ་མགྲོན་དུ་འཇམ་མགོ ན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི ་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ ་བཟང་བསྟན་འཛིན་མཆོག བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ ་ཆེ་མཆོག ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རི ན་པོ་ཆེ་མཆོག་གིས་དབུས་པའི་བླ་ ཆེན་རྣམ་པ་དང་། ཇོ་ནང་རྒྱལ་ཚབ་ངག་དབང་ཆོས་ཀྱི་ སྣང་བ་མཆོག་དང་མཁན་པོ་བླ་སྤྲུལ་ དགེ་བཤེས། དཔལ་ལྡན་བོད་མི་མང་སྤྱི་ཐུས་ཚོ གས་གཙོ་མཁན་པོ་བསོད་ནམས་བསྟན་ འཕེལ་མཆོག བོད་མིའི་སྒྲིག་འཛུགས་ ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ ཚེ་རིང་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོ ལ་མ་མཆོག བཀའ་ཟུར་རྗེ་བཙུན་པདྨ་མཆོག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག བཀའ་ཟུར་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་རྒྱུན་ ལས་རྣམ་པ་དང་། དེ་བཞིན་རྒྱ་གར་དབུས་གཞུང་གྲངས་ཉུང་མི་ རིགས་ཚོགས་ཆུང་གི་ནང་པའི་སྐུ་ ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས། རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོ ས་ཚོགས་འཐུས་མི་སྐུ་ཞབས་ར་ཝི་ཁྲ ་ཀུར་ལགས། གཞན་ཡང་གནད་ཡོད་སྐུ་མགྲོན་དང་། རྒྱ་ཆེའི་སེར་སྐྱ་མི་མང་བརྒྱ་ཕྲ ག་མང་པོ་ཚོགས་ཞུགས་གནང་ཡོད།
སྐབས་དེར་དཔལ་ལྡན་སྲི ད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོ ན། རྗེ་ཙོང་ཁ་པའི་དངོས་སློབ་སྙན་ བརྒྱུད་བསྟན་པའི་མངའ་བདག་ཁྲི་ཆེ ན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་ དགོངས་པ་མྱ་ངན་ལས་འདས་ཏེ་མི་ལོ་ ༥༥༠ འཁོར་བའི་དུས་དྲན་སྲུང་བརྩི་འདི ་གནས་ཁྱད་པར་ཅན་བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་མངོན་པར་ རྫོགས་པར་སངས་རྒྱས་པའི་འདན་ས་ འདིར་གནང་བ་ནི་ཆོས་སྲིད་གཉིས་ ཀའི་ཆ་ནས་དོན་སྙིང་ལྡན་པ་ཞིག་ ཆགས་ཡོད།
རྗེ་འདི་མཁས་གྲུབ་རིན་པོ་ཆེའི ་གཅུང་པོར་ལ་སྟོད་ལྡོག་གཞུང་དུ་ སྐུ་འཁྲུངས་ཞིང་། སྐུ་གཞོན་ནུ་ནས་རབ་ཏུ་བྱུང་སྟེ་ རྗེ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱི་ ཞབས་ལ་གཏུགས་ནས་དབེན་ས་སྙན་བརྒྱུ ད་དང་། གཅོད་ལ་སོགས་པའི་རི་བོ་དགེ་ལུ གས་པའི་སྙན་བརྒྱུད་ཀྱི་གདམས་པ་ ཟབ་ཅིང་རྒྱ་ཆེ་བ་དུ་མའི་བདག་པོ་ ཆགས་ཤིང་། རྗེ་དགེ་འདུན་གྲུབ་པས་བ་སོ་ཆོས་ རྗེ་འདི་ལུང་རྟོགས་ཀྱི་ཡོན་ཏན་ གང་ས་ནས་གཞན་དང་མི་འདྲ་བས་དགའ་ ལྡན་གྱི་ཁྲི་ལ་གདན་དྲངས་ན་ལེགས་ ཞེས་ལུང་བསྟན་པ་བཞིན་དགའ་ལྡན་ཁྲི ་རབས་དྲུག་པར་ཕེབས་ཏེ། སྐལ་བ་དང་ལྡན་པ་བགྲང་ལས་འདས་པ་ རབ་བྱུང་བསྙེན་རྫོགས་དབང་ལུང་ མན་ངག་མཐའ་ཡས་པ་རྩལ་ཞིང་། ཟུང་འཇུག་གྲུབ་པའི་སློབ་མ་མཆེད་ གསུམ་བསྐྱངས་པས་མཚོན། ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེ ར་བསྐྱངས་ཡོད་པས། རྗེས་འཇུག་གདུལ་བྱ་རྣམས་ཀྱིས་ཁོ ང་གི་གསུང་གི་མཛད་པ་ལ་ཐོས་བསམ་ སྒོམ་གསུམ་བྱས་ཏེ་བཤད་སྒྲུབ་ཡ་ མ་བྲལ་བར་བྱ་རྒྱུ་ནི་རྗེས་དྲན་ གྱི་མཆོག་ཡིན།
༸རྒྱལ་བ་སྐུ་ཕྲེང་བདུན་པ་དགོངས་ པ་ཆོས་དབྱིངས་སུ་ཐིམ་རྗེས་ནས་བོ ད་ལ་དུས་འགྱུར་མ་བྱུང་བའི་བར་གྱི ་ལོ་ངོ་ ༢༠༠ མ་ཟིན་ཙམ་ (༡༧༥༧ ནས་ ༡༩༥༠ བར་) གྱི་རིང་། ༸རྒྱལ་བ་སྐུ་ཕྲེང་དྲུག་གི་རིང་ གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲི ད་ཀྱི་དབང་ལུང་འཛིན་མཁན་རྒྱལ་ ཚབ་ ༡༥ བྱོན་ཡོད་པའི་ཁོང་རྗེ་དྲུང་སྐུ་ ཕྲེང་བརྒྱད་པ་སྟག་ཚ་ཡེ་ཤེས་བསྟ ན་པའི་མགོན་པོ་མཆོག་གིས་ཕྱི་ལོ་ ༡༧༩༡ ནས་ ༡༨༡༠ བར་ལོ་ངོ་ ༡༩ རིང་དང་། རྗེ་དྲུང་སྐུ་ཕྲེང་བཅུ་པ་ངག་ དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ མཆོག་གིས་ཕྱི་ལོ་ ༡༨༧༥ ནས་ ༡༨༨༦ བར་གྱི་ལོ་ངོ་བཅུ་གཅིག་རིང་རྒྱ ལ་ཚབ་ཀྱི་ཐུགས་འགན་བཞེས་ཏེ། ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེ ར་བསྐྱངས་ཡོད་པ་དང་། རྒྱལ་བའི་ཡོངས་འཛིན་དང་། རྒྱ་ནག་དང་ཧོར་སོག་གི་རྒྱལ་པོའི ་དབུ་བླ་གནང་བ་སོགས་ཉེ་རབས་ལོ་ རྒྱུས་སུ་མཚན་སྙན་རྒྱ་ཆེར་གྲགས་ ཡོད།
སྐུ་ཕྲེང་འདི་ཡི་དབང་དུ་བྱས་ ནའང་། གདན་ས་ཆེན་པོར་ཆོས་ཞུགས་ཀྱིས་ གཞུང་ཆེན་བཀའ་པོད་ལྔ་ལ་སྦྱང་པ་ མཐར་སོན་གྱི་དགེ་བཤེས་དམ་འཇོག་ དང་། དཔལ་ལྡན་རྒྱུད་མེད་གྲྭ་ཚང་དུ་གསང་ ཆེན་རྒྱུད་སྡེ་བཞི་ལ་སྦྱང་པ་ མཐར་སོན་ཏེ་ཆོ་ག་ཆགས་ཞེན་ཕྲ་མོ་ ཚུན་ཆད་ལ་ཐུགས་སྣང་ཉམས་བཞེས་དང་ ། ཆོས་རྒྱུན་བསམ་གྱི་མི་ཁྱབ་པ་མང་ པོ་གསན་བཞེས་གནང་ཡོད་པ་དང་། འཛམ་གླིང་ཤར་ནུབ་དང་ཧི་མ་ལ་ཡ་ རི་རྒྱུད་བཅས་པར་ཟབ་རྒྱས་ཆོ ས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ བཞིན་པར་རྗེས་སུ་ཡི་རང་ཞུ་རྒྱུ་ དང་། སླད་མར་ཡང་། བོད་བསྟན་སྲིད་མི་རིགས་དང་བཅས་ པ་གཉན་འཕྲང་གི་སྐབས་འདིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གི་ཐུགས་དགོངས་ལམ་སྟོ ན་བཞིན། སྐུ་རབས་གོང་མའི་རྣམ་ཐར་འཕྲོ་སྐྱོ ང་ལེགས་སྨིན་མཛད་གནང་ཡོང་བ་དང་། སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ དབྱར་གྱི་ཆུ་བོ་བཞིན་རྒྱས་པའི་ སྨོན་འདུན་ཞུ། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ ཡོད་པ་བཅས།།