༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོ
དེ་ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་ས་གནས་ཁག་གི་མི་འབོར་ལ་གཞིགས་པས་སྨན་བཅོས་ལྟ་སྐྱོང་གི་ཚོགས་མིའི་གྲངས་འབོར་ལོ་རེ་བཞིན་དམིགས་ཚད་ལོན་མཁན་ས་གནས་ཁག་ལ་ལོ་ལྟར་བྱ་དགའ་དང་ཕྱག་འཁྱེར་རེ་འབུལ་བཞིན་ཡོད་སྟབས། རྩིས་ལོ་ ༢༠༢༣་་་༢༠༢༤ ལོའི་ནང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་དམིགས་ཚད་ལོན་ཡོད་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བྱ་དགའ་དང་ཕྱག་འཁྱེར་གནང་རྗེས་གྷོ་པལ་པུར་བོད་ཁྱིམ་ནས་དིང་རིའི་འཁྲབ་གཞས་གཟིགས་འབུལ་ཞུས།
དེ་རྗེས་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུགས་རྟོགས་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པས་ཕྱི་ལོ་ ༢༠༢༣ ལོའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་མཐེབ་སྡེར་དབུ་འབྱེད་གནང་བ་དང་། ནོར་གླིང་སྔོན་འགྲོ་སློབ་གྲྭ་ནས་བཀྲ་ཤིས་དུས་བཟང་ཞེས་པ་གཟིགས་འབུལ་ཞུས།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་ནས་བོད་ཀྱི་གསོ་བ་རིག་པའི་ཚབ་ཡིག་ཕྱོགས་བསྡུས་བདུད་རྩིའི་ཐེགས་ཕྲེང་ཞེས་པ་དབུ་འབྱེད་གནང་བ་དང་། ཡོངས་གླིང་སློབ་གྲྭ་ནས་སྒོར་གཞས་ཆོས་ཀྱི་ཞིང་ས་ཞེས་པ་དང་། རྡ་ཤོད་བོད་ཁྱིམ་སློབ་གྲྭ་དང་དཔེ་སྟོན་སློབ་གྲྭ་ནས་ཐམས་ཅད་མཁྱེན་པ་ཞེས་པ། རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་ཆོལ་གསུམ་མཐུན་སྒྲིལ་ཞེས་པ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)