༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༠༤ ནས་ ༠༧ བར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་ལས་ཁྱུར་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་བར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་ཁྲ་རྩིས་ལེན་གནང་སྟེ། ཕྱི་ཚེས་བདུན་ཉིན་རྩིས་སྤྲོད་ལེགས་པར་གྲུབ་རྗེས་རབ་བརྟན་ཚེ་རིང་ལགས་ཀྱི་ས་གནས་འགོ་འཛིན་གྱི་ལས་ཁུར་དངོས་སུ་དབུ་འཛུགས་ཞུས་ཡོད།
རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་དུ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ས་གནས་མཉམ་ལས་ཀྱི་དྲུང་ཆེ་རིན་ཆེན་དབང་ཕྱུག་ལགས་ཕེབས་ཡོད་པ་བཅས།།