༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༦ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་མི་མང་སྤྱི་འཐུས་དགེ་ བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ ་བོ་བློ་བཟང་ཕན་བདེ་ལགས་རྣམ་ གཉིས་ནས་༧སྐྱབས་རྗེ་དགའ་ལྡན་ཁྲི ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ བསྟན་འཛིན་དཔལ་བཟང་པོ་མཆོག་ལ་ མཇལ་ཁ་ཞུས་གནང་བ་དང་། སྐབས་དེར་རིན་པོ་ཆེ་མཆོག་གིས་མ་ འོངས་པར་ང་ཚོའི་སྤྱི་ཚོགས་ནང་བོ ད་ཀྱི་སྐད་ཡིག་ཐོག་ཡར་རྒྱས་གོང་ འཕེལ་གཏོང་དགོས་པ་དང་། ལྷག་པར་དུ་བོད་མི་ཚང་མས་ནང་དོན་ རིག་པའི་ཐོག་ཤུགས་སྣོན་རྒྱག་དགོ ས་པའི་བཀའ་སློབ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ཀྱི་ད་ལྟ་འགྲོ་བཞིན་པའི་ ལས་འཆར་སྐོར་དྲི་བ་གནང་བར། སྤྱི་འཐུས་རྣམ་གཉིས་ནས་བོད་མི་ མང་སྤྱི་འཐུས་རྣམ་པ་སྡེ་ཚན་སོ་ སོར་ཆ་བགོས་ཀྱིས་རྒྱ་གར་མངའ་སྡེ ་ཁག་གི་ནང་བོད་དོན་ཞུ་སྐུལ་གནང་ རྒྱུའི་ལས་རིམ་སྐོར་དང་། ད་ལྟའི་ཆར་སྡེ་ཚན་གསུམ་གྱིས་ཞུ་ སྐུལ་འགྲོ་མུས་ཡིན་པའི་སྐོར་སྙ ན་སེང་ཞུས་པར། རིན་པོ་ཆེ་མཆོག་གིས་བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཆར་ འདིར་བསྔགས་བརྗོད་དང་། མ་འོངས་པར་ཡང་མུ་མཐུད་བོད་དོན་ ཞུ་སྐུལ་གྱི་ལས་འགུལ་གང་མང་སྤེ ལ་དགོས་སྐོར་གསུངས་གནང་མཛད་འདུག
གསར་གནས།
འབྲེལ་གནས།