༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུ ལ་ཁྲིམས་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་ སྒྲོལ་དཀར་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ ཆེན་རྒྱལ་མཚན་ལགས་བཅས་ལས་གྲུ བ་པའི་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༦ ནས་ཟླ་ ༡༢ པའི་ཚེས་ ༣ བར་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་ མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ གཙོ་དང་། སྤྱི་ཁྱབ་བློན་ཆེན་གཞོན་པ། ནང་སྲིད་བློན་ཆེན། པན་ཇབ་མངའ་སྡེའི་གྲོས་ཚོགས་ཀྱི་ ཚོགས་གཙོ་གཞོན་པ་དང་། གྲོས་ཚོགས་འཐུས་མི་སོགས་ཆབ་སྲི ད་དབུ་འཁྲིད་ཁག་དང་མཇལ་འཕྲད་ཀྱི ས་པན་ཇབ་དང་། ཧར་ཡ་ན་མངའ་སྡེ་གཉིས་ཀྱི་ནང་བོ ད་དོན་ཞུ་སྐུལ་གྱི་ལས་འགུལ་ལེ གས་པར་གྲུབ་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡ ཉིན་ཧར་ཡ་ན་མངའ་སྡེའི་གྲོས་ཚོ གས་ཀྱི་ཚོགས་གཙོ་སྐུ་ཞབས་གྷཱན་ཅནྜ་གུབ་ཏ་ (Shri. Gian Chand Gupta, Hon’ble Speaker of Haryana Legislative Assembly) མཆོག་གིས་བོད་མི་མང་སྤྱི་འཐུས་ རྣམ་པ་གསུམ་ལ་གཞུང་འབྲེལ་གྱིས་ སྣེ་ལེན་གཟབ་རྒྱས་གནང་བ་ལྟར། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ གཙོའི་སྐུ་མགྲོན་སྣེ་ལེན་ཁང་དུ་ མཇལ་འཕྲད་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པ་གསུམ་ ནས་བོད་དོན་སྐོར་ངོ་སྤྲོད་དང་སྦྲ གས། བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོ ང་ཡོང་བའི་རེ་སྐུལ་ཞུས་པ་བཞིན་ མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ གཙོ་མཆོག་གིས་ཞལ་བཞེས་གནང་བ་དང་ །
དེ་ནས་མངའ་སྡེའི་གྲོས་ཚོགས་ཚོ གས་གཙོ་མཆོག་གིས་སྣེ་ཤན་ཐོག་སྤྱི ་འཐུས་རྣམ་པ་མངའ་སྡེའི་གྲོས་ཚོ གས་ཀྱི་ཚོགས་ཁང་དུ་གཟིགས་སྐོར་ དང་། དེ་བཞིན་མངའ་སྡེའི་གྲོས་ཚོགས་ཚོ གས་གཙོ་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་ སྒྲོལ་དཀར་ལགས་རྣམ་གཉིས་ཀྱིས་ གསར་འགོད་པ་རྣམས་ལ་བོད་དོན་སྐོ ར་ངོ་སྤྲོད་དང་། གསར་འགོད་པའི་དྲི་བ་ཁག་ལ་ལན་འདེ བས་གནང་ཡོད། དེ་ཉིན་ཕྱི་དྲོ་ཧར་ཡ་ན་མངའ་སྡེ འི་ནང་སྲིད་བློན་ཆེན་སྐུ་ཞབས་ཨཱ ་ནིལ་ཝི་ཇེ་ (Shri Anil Vij; Hon’ble Minister of Homes, Health, Ayush and Medical Education & Research of Haryana) མཆོག་དང་ལྷན་ཁོང་གི་ཡིག་ཚང་དུ་ མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱ བ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ པ་ལྟར། བློན་ཆེན་མཆོག་གིས་བོད་དོན་ཐོག་ རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ གནང་འདུག
ཕྱི་ཟླ་ ༡༢ ཚེས་ ༢ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བོད་མི་མང་སྤྱི་འཐུས་རྣ མ་པ་གསུམ་ནས་པན་ཇབ་མངའ་སྡེའི་གྲོ ས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ ་ཞབས་ཇའེ་ཀིར་ཤཱན་སིངྒ་རཱོ་རི་ (Shri. Jai Krishan Singh Rouri; Hon’ble Deputy Speaker of Punjab Legislative Assembly) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ ་སྤྲོད་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོ ང་ཡོང་བའི་འབོད་སྐུལ་ཞུས་པ་ལྟར་ མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ གཞོན་མཆོག་གིས་ཀྱང་ཞལ་བཞེས་བཟང་ པོ་གནང་བ་དང་། ཉིན་གུང་ཧར་ཡ་ན་མངའ་སྡེའི་སྤྱི་ ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་དྷུ ་ཤ་ཡཱནྚ་ཅའོ་ཊཱ་ལཱ་ (Shri. Dushyant Chautala, Hon’ble Deputy Chief Minister of Haryana) མཆོག་དང་ལྷན་མཇལ་འཕྲད་ཀྱིས་གོང་ བཞིན་བོད་དོན་ཐོག་རྒྱབ་སྐྱོར་ཡོ ང་བའི་འབོད་སྐུལ་ཞུས་པ་ལྟར་སྤྱི ་ཁྱབ་བློོན་ཆེན་གཞོན་པ་མཆོག་གི ས་ཞལ་བཞེས་གནང་འདུག
བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ཚོ གས་མི་སྤྱི་འཐུས་རྣམ་པ་གསུམ་ཕྱི ་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༦ ཉིན་ཅན་དྷི་གྷར་དུ་ཕེབས་འབྱོར་ རྗེས། པན་ཇབ་མངའ་སྡེའི་གྲོས་ཚོགས་འཐུ ས་མི་སྐུ་ཞབས་ཨམ་རི་ཏ་པལ་སིངྒ་སཱུ་ཀནྜ་ (Shri. Amritpal Singh Sukhanand, Member of the Legislative Assembly of Punjab) མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། གྲོས་ཚོགས་འཐུས་མི་ཁོང་གིས་སྤྱི ་འཐུས་རྣམ་པར་དགོང་མོའི་གསོལ་ཚི གས་འདེགས་འབུལ་གྱིས་སྣེ་ལེན་ གཟབ་རྒྱས་ཞུས་འདུག་པ་དང་། ཕྱི་ཚེས་ ༢༧ ཉིན་འཕགས་བོད་འབྲེལ་མཐུད་ཚོགས་ པའི་ས་གནས་ཀྱི་དྲུང་ཆེ་སྐུ་ཞབས་ ཝི་ཇའེ་ ཤརྨ་ (Shri Vijay Sharma) ལགས་ཀྱི་སྣེ་ཤན་འོག ཅན་དྷི་གྷར་ས་གནས་ཀྱི་གྲོང་སྡེ འི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ གནང་ཡོད་འདུག
ཐེངས་འདིའི་བོད་མི་མང་སྤྱི་འཐུ ས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུ ལ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༦ ནས་ཟླ་ ༡༢ ཚེས་ ༣ བར་རྒྱ་གར་བྱང་ཕྱོགས་པན་ཇབ་དང་། ཧར་ཡ་ན་མངའ་སྡེ་གཉིས་ཀྱི་ནང་དཔོ ན་རིགས་ཁག་མཇལ་འཕྲད་ཀྱིས་བོད་དོ ན་ཞུ་སྐུལ་གྱི་ལས་འགུལ་ཁག་རེ་ཞི ག་ལེགས་པར་གྲུབ་ནས་ཕྱི་ཟླ་ ༡༢ ཚེས་ ༣ ཕྱི་དྲོ་རྒྱལ་ས་ལྡི་ལིར་ཕེབས་ཐོ ན་གནང་ཡོད་པ་བཅས། །