༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༨ ནས་ ༢༥ བར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་དབྱངས་ཅན་སྒྲོལ་དཀར་ལགས་དང་། ཆོས་སྐྱིད་སྒྲོལ་མ་ལགས་གཉིས་ནས་ཨིན་ཡུལ་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་བཅུ་གཅིག་ནང་གནས་པའི་བོད་མི་རྣམས་ཀྱི་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་ལ་གཞིའི་ཆེད་ལོན་ཊོན་དུ་ཆེད་ཕེབས་གནང་ཡོད།
སྐབས་དེར་ཨིན་ཡུལ་གནས་སྡོད་བོད་མི་གྲངས་ ༦༩ དང་། སྭ་ཊན་གནས་སྡོད་བོད་མི་གྲངས་ ༡༠ པོ་ལེནྡ་གནས་སྡོད་མི་གྲངས་ ༤ ཨིར་ལེནྚ་གནས་སྡོད་བོད་མི་གྲངས་ ༢ བཅས་ཀྱི་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།
ཐེངས་འདིའི་ལས་གཞིའི་ནང་དུ་མཉམ་ཞུགས་གནང་ཐུབ་མེད་པའི་བོད་མི་རྣམས་ནས་ཨིན་ཡུལ་སྐུ་ཚབ་དོན་ཁང་བརྒྱུད་དེ་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༣༡ བར་དུ་དཔྱ་དེབ་གསར་བཟོ་དང་ནོར་བཅོས་སོགས་ཀྱི་མཐུན་རྐྱེན་ལེན་ཐུབ། ལས་གཞི་འདི་ཉིད་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་ཨིན་ཡུལ་སྐུབ་ཚབ་དོན་ཁང་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་ཤིང་། སྐབས་དེར་ས་གནས་བོད་རིགས་ཚོགས་པས་ཀྱང་མཐུན་འགྱུར་གནང་ཡོད་པ་བཅས།།