༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དྲུང་གཞོན་ལས་བྱེད་ ༡ ༼གཅིག༽ གསར་འདེམས་བསྐོ་བཞག་བྱ་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་སྲི་ཞུའི་ལས་བྱེད་དུ་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༣ ཕྱི་དྲོ་ཕྱག་ཚོད་ ༤ འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འབུལ་གནང་དགོས་རྒྱུ།
ཀ༽ དྲུང་གཞོན་ས་མིག་ཆེད་དགོས་ངེས་ཆ་རྐྱེན་དང་རྒྱུགས་གཞི་རྒྱུགས་འཕྲོད་སྐོར།
༡། ཤེས་ཚད། ཤེས་ཚད་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor Degree & Marks Card) ཐོན་པའམ། ཡང་ན་ལས་བྱེད་འདེམས་ལྷན་ནས་གོང་མཚུངས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་དགོས།
༢། ལོ་ཚད། ཕྱི་ལོ་ ༢༠༢༣།༡༢།༡༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། རང་ལོ་ ༣༥ ལས་མ་བརྒལ་བ་དགོས།
༣། ཉམས་མྱོང། དེ་སྔོན་ལས་ཀའི་ཉམས་མྱོང་ལོ་ ༤ ལས་མི་ཉུང་བ་ཡོད་དགོས།
༤། རྒྱུགས་གཞི། བོད་ཨིན་གཉིས་ཀྱི་སྐད་ཡིག་ཀྱི་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
༥། རྒྱུགས་འཕྲོད་པར། རྒྱུགས་གཞི་བོད་ཨིན་གཉིས་སོ་སོར་ཉུང་མཐའི་བརྒྱ་ཆ་ ༥༠ ཐམ་པ་ལོན་པ་དགོས། ཧིན་དྷི་སྐད་ཡིག་གང་ལེགས་ཤེས་མཁན་ལ་དམིགས་བསལ་འདམས་ཀ་བཟང་བ་ཡོད།
གཤམ་གསལ་ཡིག་ཆ་ཁག་ངེས་པར་འབུལ་དགོས།
༦། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༧། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༨། བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༩། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༡༠། གལ་སྲིད་སྤྱི་སྒེར་སྡེ་ཚན་གང་རུང་ནང་གཏན་འཇགས་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ ཆ་མེད་པའི་ངོས་སྦྱོར་མཉམ་འབུལ་ཞུ་དགོས།
འཚང་སྙན་འབུལ་མཁན་རྣམས་ནས་ (tibet.net) དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༣ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༣ ཟླ་ ༡༡ ཚེས་ ༡༤ ལ།།
བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་འདེམས་རྒྱུགས་ཁོངས་ཞུགས་རྒྱུའི་འཚང་སྙན་འགེངས་ཤོག
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]