༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་མཁན་པོ་ འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་ རྗེ་ལགས་རྣམ་གཉིས་ནས་རྒྱ་གར་གྱི ་མངའ་སྡེ་ཨ་སམ་དང་། ཨ་རུ་ན་ཅལ། མེ་གྷ་ལ་ཡ། ན་གྷ་ལན་ཌི་བཅས་སུ་ཡོད་པའི་བོད་ མིའི་འདུ་སྡོད་ཁག་ཏུ་ས་བགོས་ཕྱོ གས་བསྐྱོད་ཀྱི་ལས་རིམ་དབུ་འཛུ གས་ཞུས་ཟིན་པ་དང་། དེ་ཡང་ཁ་སང་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༥ ཉིན་ཨ་སམ་མངའ་སྡེའི་གྲོང་ཁྱེར་ གྷོ་ཝ་ཧ་ཀྲིར་ཕེབས་འབྱོར་བྱུང་ བ་དང། སྐབས་དེར་ཤིས་ལོངས་ས་གནས་འགོ་ འཛིན་བསྟན་འཛིན་བསམ་ཏན་ལགས་ནས་ གནམ་ཐང་དུ་སྤྱི་འཐུས་རྣམ་གཉིས་ ཕེབས་བསུར་བཅར་ཡོད་འདུག
སྤྱི་འཐུས་རྣམ་གཉིས་ས་གནས་སུ་ཕེ བས་འབྱོར་མཚམས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི ་ལས་བྱེད་བཀྲ་ཤིས་བདེ་སྐྱིད་ ལགས་ནས་གྲོང་ཁྱེར་གྷོ་ཝ་ཧ་ཀྲིའི ་ (PWD Convention and Training Center) ཞེས་པའི་ཚོགས་ཁང་དུ་གོ་སྒྲིག་ཞུ ས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོ ར་ཚོགས་པའི་ཚོགས་མི་འདུ་འཛོམས་ སུ་ཆེད་བཅར་གནང་ཡོད་པ་དང་། འདུ་འཛོམས་ཐོག་གྷོ་ཝ་ཧ་ཀྲིའི་ ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་ པ་ཁག་གསུམ་སྟེ་ (Bharat Tibbat Sangh) དང་། (Bharat Tibbat Samanvay Sangh) དང་། (Bharat Tibbat Sahyog Manch) བཅས་ནས་ཡིན་པའི་ཚོགས་མི་བཅུ་གྲ ངས་ཤིག་མཉམ་ཞུགས་གནང་འདུག
སྤྱི་འཐུས་རྣམ་གཉིས་ནས་འདུ་འཛོ མས་དེའི་ཐོག་རྒྱ་གར་བོད་དོན་རྒྱ བ་སྐྱོར་བ་རྣམས་དང་ལྷན་དུ་དྲི་ བ་དྲིས་ལན་དང་། དགོངས་ཚུལ་བརྗེ་ལེན་གྱི་ལས་རིམ་ ཞིག་བསྐྱངས་འདུག་པ་དང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ ཀྱི་གནས་སྟངས་དང་། དེ་བཞིན་ད་ལྟའི་རྒྱལ་སྤྱིའི་སྤྱི ་ཚོགས་ཀྱི་རྒྱབ་སྐྱོར་དང་། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ སོགས་སྐོར་ལ་ངོ་སྤྲོད་གནང་འདུག་ པ་མ་ཟད། རྒྱ་གར་གཞུང་ནས་མུ་མཐུད་བོད་ཀྱི ་རྩ་དོན་འཐབ་རྩོད་དང་། བོད་མི་རྣམས་ལ་སྔར་ལྷག་མཐུན་འགྱུ ར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི ་འབོད་སྐུལ་ཞུས་འདུག
གཞན་ཡང་། སྤྱི་འཐུས་རྣམ་གཉིས་ནས་ས་གནས་སུ ་རྒྱ་གར་དབུས་གཞུང་གི་འབྲེལ་ཡོ ད་ལས་བྱེད་གཞན་དང་མཇལ་འཕྲད་གནང་ སྟེ། ཨ་སམ་མངའ་སྡེའི་གཞུང་ནས་བཙན་བྱོ ལ་བོད་མིར་སྤྱི་ཡོངས་ཀྱི་ཆ་ནས་ མཐུན་འགྱུར་དང་། རོགས་རམ་གནང་དགོས་གལ་སྐོར་ཞུ་སྐུ ལ་དང་། རྒྱ་ནག་གཞུང་གི་ཡར་ཀླུང་གཙང་པོ་ ཁ་སྒྱུར་གྱི་ལས་འཆར་དང་དེས་རྒྱ་ གར་ཡུལ་མིའི་འཚོ་གནས་ལ་དོ་ཕོག་ ཇི་ལྟར་འགྲོ་གི་ཡོད་མེད། རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་ གྱི་ས་མཚམས་སུ་རྩོད་རྙོག་སློང་ བཞིན་པའི་གནད་དོན་རྣམས་རྒྱ་གར་ སྤྱི་ཚོགས་ནང་གོ་རྟོགས་སྤེལ་ཏེ་ བོད་ཀྱི་རྩ་དོན་འཐབ་རྩོད་ལ་རྒྱ བ་སྐྱོར་དགོས་གལ་སྐོར་ཞུས་འདུག
སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟ ན་འཛིན་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་ རྗེ་ལགས་རྣམ་གཉིས་དེ་རིང་ཕྱི་ ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཏུ་ཤིས་ལོངས་ ས་གནས་སུ་ཕེབས་འབྱོར་གནང་རྒྱུ་ ཡིན་པ་དང་། དེ་རྗེས་རིམ་པས་བསྟན་འཛིན་སྒང་ དང་། འབུམ་སྡེ་ལ། རྟ་དབང་། དྷི་རང་། ཀོ་ཧི་མ། དྷི་མ་པུར་བཅས་སུ་མུ་མཐུད་གཟི གས་སྐོར་གནང་རྒྱུ་ཡིན་པ་རེད། །