༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༥ ནས་ ༢༧ བར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཚོགས་པའི་སྙིང་རྗེའི་ཆེད་དུ་བཟོ་བཀོད་ཅེས་པའི་ཚོགས་བསྡུ་ཐེངས་དྲུག་པར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་མཉམ་ཞུགས་གནང་ཡོད།
ཚོགས་ཆེན་དེར་བོད་ཀྱི་འགྲེམས་སྟོན་ཁང་གི་འཐུས་ཚབ་ཀརྨ་བཀྲ་ཤིས་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གི་ངོ་སྤྲོད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཏམ་བཤད་གནང་ཡོད་པ་རེད།
(The Organization of Network for Empathy) ཞེས་པའི་ཚོགས་པས་གོ་སྒྲིག་ཞུས་པའི་ཚོགས་ཆེན་དེ་ཨ་རིའི་མཐོ་སློབ་རུ་བིན་སྒྱུ་རྩལ་འགྲེམས་སྟོན་ཁང་དང་ (Fashion Institute of Technology) མཐོ་སློབ་ཏུ་འཚོགས་ཡོད་ཅིང། འདི་ལོར་གོ་སྒྲིག་ཚོགས་ཆུང་གིས་གལ་གནད་ཆེ་ཞིང་སྣང་མེད་དུ་ལུས་པའི་སྒྱུང་རྟོག་ཞིབ་ཆེད་རིག་གནས་སྣ་མང་གི་གསར་གཏོད་པ་ཁག་ཅིག་མགྲོན་འབོད་གནང་ཡོད།
དེ་ཡང་སློབ་གསོའི་སྡེ་ཚན་འདྲ་མིན་ནས་ཁྱོན་བསྡོམས་གཏམ་བཤད་པ་ ༢༦ དང་། སློབ་ཕྲུག་གཏམ་བཤད་པ་ ༦། དེ་བཞིན་འཐུས་ཚབ་གྲངས་ ༣༢ བཅས་ཚོགས་ཞུགས་གནང་སྟེ་མཉམ་ལས་བརྒྱུད་ནས་འདྲ་མཉམ་དང་། སྣ་མང་རང་བཞིན། སྤྱི་ཚོགས་དང་ཁོར་ཡུག་གི་དྲང་བདེན་སོགས་ཀྱི་སྐོར་རྒྱུས་ལོན་ཞུས་ཡོད།
ཚོགས་ཆེན་དེའི་དགོས་དམིགས་གཙོ་བོ་ནི་རིག་གནས་སྣ་མང་གི་དཔྱད་ཞིབ་དང་། རིག་གཞུང་དབར་བགྲོ་གླེང་། རང་ཉིད་ཀྱི་ཉམས་མྱོང་སོགས་ལ་གཞི་བཞག་ནས་སྙིང་རྗེའི་གོང་འཕེལ་གཏང་རྒྱུ་ཡིན་པ་བཅས།།