༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༡༩ ཉིན་ར་ཝང་ལ་ཀུན་ཕན་གླིང་གི་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་དང་ས་གནས་འགོ་འཛིན་གསར་པ་བསྟན་འཛིན་ལེགས་བཤད་ལགས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད། རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཆེད་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ཀ་སྦུག་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས་ཀྱིས་སྤྲོད་དཔང་གནང་ཡོད།
དེ་ཡང་ས་གནས་འགོ་འཛིན་གསར་རྙིང་གཉིས་ནས་མང་ཚོགས་ལ་གསུང་བཤད་དང་། ས་འགོའི་བདག་ཉར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་དང་ཅ་དངོས་རིགས་རྩིས་སྤྲོད་གནང་ཡོད། །