༄༅། །ཕྱི་ཟླ་ ༡༢ ཚེས་ ༠༡ ནི་འཛམ་བུ་གླིང་ཁྱོན་ཡོངས་སུ་གཉན་ནད་རེག་དུག་གི་ཉིན་མོར་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཁྱབ་ཁོངས་འཕྲོད་བསྟེན་སྨན་ཁང་ཁག་གིས་གཉན་ནད་རེག་དུག་ནད་པ་རྣམས་ལ་རྒྱབ་སྐྱོར་དང་། མང་ཚོགས་ཁྲོད་ནད་གཞི་དེ་དང་འབྲེལ་བའི་སྔོན་འགོག་དང་། འགོ་ཁྱབ། ནད་གཞིར་ལྟ་ཚུལ་ནོར་བ་ཡོད་པ་རྣམས་གོམ་བགྲོད་དང་། བརྙན་ཐུང་། བགྲོ་གླེང་། ཤོག་བྱང་བགོ་འགྲེམས་སོགས་བརྒྱུད་དེ་གོ་རྟོགས་སྤེལ་རྒྱུ་དང་། ཉིན་དེར་རིན་མེད་གཉད་ནད་རེག་དུག་བརྟག་དཔྱད་གནང་རྒྱུ་ཡིན་པ་རེད།
གཉན་ནད་རེག་དུག་གི་ནད་གཞི་དེ་བཞིན་ད་ལྟའང་འཛམ་བུ་གླིང་ནང་གི་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པས། དེ་ལུགས་ཀུན་གྱིས་དོ་གཟབ་གནང་གལ་ཆེ་བ་ཡིན།།