༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༡ དང་། ༢༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མི་གསར་བསྡུ་དང་། རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་ལས་གཞིའི་དམིགས་ཚད་དང་འབྲེལ་བའི་ཚོགས་འདུ་དྲ་ཐོག་བརྒྱུད་བསྐོང་ཚོགས་གནང་ཡོད།
ཚོགས་འདུའི་ཐོག་ས་གནས་འགོ་འཛིན་རྣམ་པ་དང་། འཕྲོད་བསྟེན་སྨན་ཁང་ཁག་གི་འགན་འཛིན། འཕྲོད་ལས་པ་བཅས་མཉམ་ཞུགས་གནང་ཡོད་པ་དང་། ས་གནས་སོ་སོའི་གནས་ཚུལ་ཞིབ་ཕྲ་རྟོགས་སླད་ས་ཁུལ་སོ་སོར་ཆ་བགོས་ཀྱིས་ཚོགས་འདུ་བསྐོང་གནང་ཡོད་པ་བཅས།།