༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་གྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༡ ཉིན་ཡིག་ངག་གཉིས་ཐོག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་ནང་ཆོས་ངོ་སྤྲོད་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པ་དང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༧ ཆུ་ཚོད་ ༡༠།༣༠ ནས་ ༡༢།༣༠ བར་གཞིས་སྤྱི་མི་མང་ཚོགས་ཁང་དུ་མི་མང་ ༢༧༠ ལྷག་ལ་ཐེག་ཆེན་སེམས་བསྐྱེད་དང་བློ་སྦྱོང་སྒོ་ནས་ཉམས་ལེན་བྱེད་ཚུལ་ཐོག་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་གནང་ཡོད་པ་མ་ཟད། མི་མང་གི་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད།
དེ་ཡང་དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་མཆོག་ད་ལྟའི་ཆར་རྣམ་རྒྱལ་གྲྭ་ཚང་དུ་དཔེ་ཁྲིད་དགེ་རྒན་གནང་མུས་ཡིན་པ་དང་། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་ནང་ཆོས་ངོ་སྤྲོད་གནང་དང་གནང་མུས་ཡིན་འདུག་པ་བཅས། །