༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༠ ཉིན་འཛམ་གླིང་བྱིས་པའི་ཉིན་མོ་དང་སྟབས་བསྟུན་བྷེལ་ཇམ་གྲོས་ཚོགས་ཀྱིས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཝན་ཧུབ་ (Van Hoof) ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱེད་བཞིན་པར་སྐྱོན་བརྗོད་དང་སྦྲགས། སྲིད་བྱུས་བཟུང་སྟངས་འདི་ནི་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་པ་རྩ་མེད་གཏང་རྒྱུའི་ངན་བྱུས་ཤིག་ཡིན་པ་འགྲེལ་བརྗོད་གནང་ཡོད།
དེ་བཞིན་ཁོང་མོས་རྒྱ་ནག་གཞུང་གི་ངོས་ནས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་འཕྲལ་དུ་ཕྱིར་བསྡུ་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་དགོངས་དོན་དྲག་གནོན་ཅན་གྱི་རིག་གཞུང་བཙན་སྒྱུར་གྱི་སྲིད་བྱུས་རྣམས་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག་པ་བཅས།།