༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སློབ་དཔོན་ ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས་ལས་ གྲུབ་པའི་བོད་མི་མང་སྤྱི་འཐུས་ ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ ཚོགས་ཆུང་གིས་ཨ་ཡོ་དྷི་ཡ་གྲོང་ ཁྱེར་ནས་ཡིན་པའི་རྒྱ་གར་དབུས་གྲོ ས་ཚོགས་འོག་མའི་འཐུས་མི་སོགས་ དང་མཇལ་འཕྲད་ཀྱིས་མུ་མཐུད་ཨུ་ ཏར་པར་དེ་ཤི་མངའ་སྡེའི་ནང་བོད་ དོན་ཞུ་སྐུལ་གནང་བཞིན་ཡོད།
དེ་ཡང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་རྩྭ་མཆོག་གྲོང་ གི་ལས་རིམ་ཁག་ལེགས་པར་གྲུབ་རྗེ ས། ཉིན་རྒྱབ་ཆུ་ཚོད་ ༡ པོ་ཙམ་ལ་ཨ་ཡོ་དྷི་ཡ་གྲོང་ཁྱེར་ དུ་ཕེབས་ཐོན་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༥ པ་ཙམ་ལ་ཨ་ཡོ་དྷི་ཡའི་ནང་ཆགས་པའི ་ཧིན་རྡུའི་ལྷ་ཁང་ཆེ་ཤོས་ (Mahant Hanuman Gari Mandir, Ayodhya) ཡི་ཆོས་དཔོན་ཆེན་མོ་བྷ་བྷ་ཊི་ཀ་རམ་དྷ་ས་ (Baba Tika Ram Das) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་བོད་དོན་ཞུ་སྐུལ་སྙན་ཞུ་ཕུ ལ་བ་དང་སྦྲགས། བོད་དོན་སྐོར་ངོ་སྤྲོད་ཞུས་པ་ དང་། སྐབས་དེར་ཧིན་རྡུའི་ཆོས་དཔོན་ མཆོག་གིས་དེ་སྔོན་ཁོང་ཉིད་བཞུ གས་སྒར་རྡ་སར་ཕེབས་མྱོང་ཡོད་པའི ་སྐོར་དང་། བོད་ཀྱི་སྐོར་ལ་ཐུགས་རྒྱུས་ཆེན་ པོ་ཡོད་པ་མ་ཟད། བོད་ནི་ལོ་རྒྱུས་ཐོག་རང་བཙན་ གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་སྔ་ མོ་ནས་གསལ་པོར་མཁྱེན་གྱི་ཡོད་ པའི་སྐོར་དང་། དེ་བཞིན་བོད་མི་རྣམས་ལ་བློ་ཐག་ ཉེ་པོ་ཡོད་སྐོར་སོགས་གསུངས་གནང་ འདུག
དེ་ནས་དགོང་དྲོ་ཆུ་ཚོད་ ༨ པ་ཙམ་ལ་བོད་མི་མང་སྤྱི་འཐུས་རྣ མ་པས་ཨ་ཡོ་དྷི་ཡ་གྲོང་ཁྱེར་ནས་ ཡིན་པའི་རྒྱ་གར་དབུས་གྲོས་ཚོགས་ འོག་མའི་འཐུས་མི་སྐུ་ཞབས་ལཱ་ལུ་སིངྒ་ (Shri. Lallu Singh, Member of Parliament, Lok Sabha) མཆོག་གི་བཞུགས་གནས་སུ་ཆེད་ཕེབས་ གནང་སྟེ། ཁོང་དང་ས་གནས་ཀྱི་གནད་ཡོད་མི་སྣ ་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་ཡོ ད་པ་དང་། གཞི་རྩའི་ད་རེས་སྐུ་ཞབས་ཁོང་ནས་ བོད་དོན་ཞུ་སྐུལ་གནང་མཁན་གྱི་བོ ད་མིའི་སྐུ་ཚབ་དང་མཇལ་བ་ཐེངས་ དང་པོ་ཆགས་ཡོད་འདུག་པ་དང་། མཇལ་འཕྲད་སྐབས་སྤྱི་འཐུས་རྣམ་ པས་འཕགས་བོད་གཉིས་དབར་གྱི་ལོ་རྒྱུ ས་ཀྱི་འབྲེལ་བ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟ ངས། རྒྱ་ནག་དམར་གཞུང་གིས་བོད་ཙམ་མ་ ཟད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་སོགས་ དང་། འཛམ་གླིང་ནང་དཀའ་རྙོག་མང་པོ་བཟོ ས་དང་བཟོ་བཞིན་པ་སོགས་ཀྱི་སྐོར་ ངོ་སྤྲོད་གནང་བ་མ་ཟད། བོད་སྨན་གྱིས་འབྲས་སྐྲན་སོགས་ལ་ དམིགས་བསལ་གྱིས་ཕན་ཐོགས་ཆེན་པོ་ ཡོད་སྐོར་ངོ་སྤྲོད། ད་བར་བོད་རྒྱའི་དཀའ་རྙོག་སེལ་མ་ ཐུབ་པར་མུ་མཐུད་ལྷག་བསྡད་ཡོད་སྟ བས། བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷ ག་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟ ར། སྐུ་ཞབས་ཁོང་ནས་ཐུགས་སྣང་ཆེན་པོ ས་བོད་ནང་དཀའ་ངལ་གང་འཕྲད་བཞིན་ ཡོད་པ་སོགས་ཀྱི་ཐོག་བཀའ་འདྲི་ གནང་བ་བརྒྱུད་བོད་དོན་སྐོར་ལ་ མཁྱེན་རྟོགས་གང་ལེགས་བྱུང་སྐོར་ དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོ ར་གནང་རྒྱུ་ཡིན་གནས་སོགས་ཕན་ཚུ ན་ཆུ་ཚོད་གཅིག་ལྷག་རིང་བཀའ་བསྡུ ར་གནང་ཡོད་འདུག