
ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ལག་ནོ་རུ་ཡོད་པའི་བོ ད་དོན་རྒྱབ་སྐྱོར་ཚོགས་པ་ (Core Group for Tibetan Cause-India) ཡི་ཨུ་ཏར་ཁན་ཌི་དང་ཨུ་ཏར་པར་དེ་ ཤིའི་འབྲེལ་མཐུད་འགན་འཛིན་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Samvad Manch) ཡི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་ གཙོ་སྐུ་ཞབས་སན་ཇེ་ཤུག་ལ་ (Dr.Sanjey Shukla) ལགས་དང་མཇལ་འཕྲད་ཀྱིས་མངའ་སྡེའི ་ནང་བོད་དོན་ཞུ་སྐུལ་གནང་ཕྱོགས་ སྐོར་བཀའ་བསྡུར་གནང་རྗེས། ཉིན་རྒྱབ་ཆུ་ཚོད་ ༡ པོའི་ཐོག་ཨུ་ཏར་པར་དེ་ཤི་མངའ་སྡེ འི་ཆབ་སྲིད་ཚོགས་པ་ (Samajwadi Party) ཡི་མངའ་སྡེའི་གྲོས་ཚོགས་འཐུས་མི ་སྐུ་ཞབས་ཤི་ཝི་པལ་སིངྒ་ཡ་དེབ་ (Shri. Shivpal Singh Yadav) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ དོན་ཞུ་སྐུལ་དང་། ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་རྒྱལ་ས་ལག་ནོ་ཡི་གྲོང་ཁྱེར་ སྤྱི་ཁྱབ་ལྕམ་སྐུ་སུ་ཤི་མ་ཀར་ཝལ་ (Smt Sushma Karkwal) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་ འདུག
ལག་ནོ་གྲོང་ཁྱེར་སྤྱི་ཁྱབ་མཆོག་ གི་གཞུང་ལས་ཁང་དུ་ས་གནས་ཀྱི་ གནད་ཡོད་མི་སྣ་ ༤༠ ཙམ་དང་། གསར་འགོད་པ་བཅས་ལྷན་འཛོམས་ཐོག གྲོང་ཁྱེར་སྤྱི་ཁྱབ་མཆོག་ནས་བོ ད་མི་མང་སྤྱི་འཐུས་རྣམ་པ་གསུམ་ ལ་ཕྱག་རྟགས་དང་། སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ ནས་ཀྱང་ལྕམ་སྐུ་མཆོག་ལ་ཕྱག་རྟ གས་དང་། བོད་དོན་ཞུ་སྐུལ་གྱི་སྙན་ཞུ་སོ གས་ཕུལ་རྗེས། གྲོང་ཁྱེར་སྤྱི་ཁྱབ་མཆོག་ནས་ཁོ ང་ཉིད་དུས་རྒྱུན་དུ་ནས་བོད་དོན་ ཐོག་ཐུགས་ཁུར་གནང་བཞིན་ཡོད་པའི་ སྐོར་དང་། ལག་ནོ་གྲོང་ཁྱེར་ནང་ཡོད་པའི་བོ ད་མི་སུད་ཚོང་བར་དཀའ་ངལ་གང་ཡོད་ པ་ཡིན་ནའང་། ཡར་ཞུས་པ་ཡིན་ན་གཟིགས་སྐྱོང་གང་ ཡོང་གནང་རྒྱུའི་ཞལ་བཞེས་སོགས་ གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པས་བོ ད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ དང་། ལྷག་པར་དུ་བོད་ནང་རྒྱ་ནག་དམར་ གཞུང་གིས་ལག་བསྟར་བྱེད་བཞིན་པའི ་སྲིད་བྱུས་ངན་པའི་ཤུགས་རྐྱེན་ འོག བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཁོར་ཡུག་བཅས་ལ་དོ་ཕོག་བསམ་ཡུལ་ ལས་འདས་པ་འབྱུང་བཞིན་ཡོད་པའི་སྐོ ར་དང་། བོད་ནི་ལོ་རྒྱུས་ཐོག་རང་བཙན་ གཙང་མའི་རྒྱལ་ཁབ་ཅིག་ཡིན་པ། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུ ང་བྱས་པའི་ཉེར་ལེན་ལ་བརྟེན་ནས་ རྒྱ་གར་གྱི་ས་ཁོངས་སུའང་རྒྱ་ དམར་གཞུང་གིས་བཙན་འཛུལ་བྱེད་ཀྱི ་ཡོད་པ་དེར་མཐའ་གཅིག་ཏུ་གདོང་ལེ ན་བྱེད་གལ་ཆེ་བ། ལོ་རྒྱུས་ཐོག་རྒྱ་གར་དང་རྒྱ་ནག་ གི་ས་མཚམས་ཟེར་བ་ཞིག་གཏན་ནས་མེ ད་པ་སོགས་ངོ་སྤྲོད་དང་།
དེ་བཞིན་ས་གནས་བོད་མི་སུད་ཚོང་ བ་རྣམས་ནི་དེ་སྔ་ནས་ས་གནས་དེར་ ཚོང་ལས་གཉེར་ནས་སྡོད་བཞིན་ཡོད་ སྟབས། ཁོང་རྣམས་ལ་གཟིགས་སྐྱོང་གང་ལེ གས་གནང་སྐྱོང་ཡོང་བའི་འབོད་སྐུ ལ་བཅས་ཞུས་ཡོད་འདུག ཕེབས་བསུའི་མཛད་སྒོ་གྲུབ་རྗེས། གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་བོ ད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི ་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ ཚོགས་མི་རྣམ་པ་ཟུར་དུ་མཇལ་མོལ་ གནང་ཡོད་པ་མ་ཟད། གསར་ཁང་ཁག་ཅིག་གི་གསར་འགོད་པའི་ བཅར་འདྲིར་དང་ལེན་གནང་ཡོད་འདུག
