༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༠༥ ཉིན་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཐའེ་ཝན་རྒྱལ་ཡོངས་ཉིན་མོ་ཐེངས་ ༡༡༢ པའི་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་རྙིང་པའི་ནང་དུ་འཚོགས་པའི་ཐའེ་ཝན་རྒྱལ་ཡོངས་ཉིན་མོ་ཐེངས་ ༡༡༢ པའི་མཛད་སྒོའི་ཐོག་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཆབ་སྲིད་པ། ཕྱི་འབྲེལ་མི་སྣ། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་ཀན་བྷེ་ར་ཁུལ་དུ་གནས་སྡོད་ཐའེ་ཝན་མི་མང་བཅས་མཉམ་ཞུགས་གནང་ཞིང་། མཛད་སྒོའི་ཐོག་མར་ཐའེ་ཝན་དང་ཨོསྟྲེ་ལི་ཡཱའི་རྒྱལ་གླུ་བཏང་བ་དང་། རྗེས་ཐའི་ཝན་གྱི་གཞུང་ཚབ་གྲོག་ལ་སི་ཡུ་ཏེན་སུ་ (Douglas Yu-Tien Hsu) ལགས་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ནས་ཨོསྟྲེ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་སྲུང་ལས་དོན་ཚོགས་ཆུང་ཚོགས་མི་དི་བུ་ར་ཨོ་ནིལ་ (Deborah O’Neill) ལགས་དང་། གྲོས་ཚོགས་འཐུས་མི་ཊེ་ཝིཊ་ཨི་སི་མིཊ་ (David Smith) ལགས་དང་མཇལ་མོལ་གནང་ཡོད་པ་བཅས།།