༄༅། །འདི་གར་ཆེ
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། ས་གནས་ཁྲིམས་ཞིབ་པ་མཆོག་གིས་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡༌༣༠ ནས་ཉིན་རྒྱབ་ཆུ་ཚོད་ ༡ བར་ས་གནས་མི་མང་གྲངས་ ༤༠ དང་། དེ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣༌༠༠ ནས་ ༤༌༢༠ བར་སམ་བྷོ་ཊ་སློབ་གྲྭའི་དགེ་སློབ་གྲངས་ ༧༠ ལ་སྔར་སྲོལ་བོད་ཀྱི་ཁྲིམས་ལུགས་ངོ་སྤྲོད་དང་། བཙན་བྱོལ་དུ་གྱར་དགོས་དོན་དང་དེ་འབྲེལ་གྱི་གནད་འགག་ཆེ་བའི་ལོ་ཚིག་ཁག བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ངོ་སྤྲོད་སྙིང་བསྡུས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་། ངོ་བོ། འགན་དབང་། གྲུབ་ཆ། ཁྲིམས་ཁོངས་ཁྱབ་ཚད། གཏན་འཇགས་སམ་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གྱི་ཁྲིམས་ཁོངས་ཁྱབ་ཚད། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁ་མཆུ་ཞུ་གཏུག་གིས་ཞུ་སྙན་འབུལ་སྟངས་དང་། བརྡ་སྦྱོར། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཐོག་མའི་ཉན་ཞིབ། ཞིབ་གཅོད། བཅད་ཁྲ། གོང་ཞུ་སོགས་ཀྱི་ཐོག་གོ་རྟོགས་སྤེལ་ཡོད་པ་དང་། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་ཞུས་འདུག དེ་བཞིན་སམ་བྷོ་ཊའི་སློབ་མ་རྣམས་ལ་ཁྲིམས་ཀྱི་སློབ་སྦྱོང་བྱེད་ཕྱོགས་དང་འབྲེལ་བའི་ལམ་སྟོན་ཡང་བྱས་འདུག་པའི་གནས་ཚུལ་དུ། །
ཨོ་གཞིས་ས་འཐུས་སྐབས་ ༡༡ པའི་ལས་འཁུར་དམ་འབུལ་ལེགས་གྲུབ་དང་། གཞིས་སྡོད་མི་མང་དང་དགེ་སློབ་རྣམས་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་བ།
གསར་གནས།

འབྲེལ་གནས།
