
དེ་ཡང་མཛད་འཆར་ལྟར་ན། འབྲས་ལྗོངས་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་ ༡༧ དང་ ༡༨ ཉིན་གཉིས་རིང་སྒང་ཏོག་འབྲས་ལྗོངས་དཔལ་འབྱོར་རྩེད་ཐང་དུ་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ། དེ་ཡང་ཚེས་ ༡༧ ཉིན་གྱི་སྔ་དྲོ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། ཚེས་ ༡༨ ཉིན་གྱི་སྔ་དྲོ་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། ཕྱི་ཚེས་ ༢༡ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་ནང་ཆོས་ངོ་སྤྲོད་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་པ་བཅས།།