་༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་སྐབས་བཅུ་བདུན་པའི་བོད་མི་ མང་སྤྱི་འཐུས་ལོ་དུས་གཉིས་པའི་ རྒྱུན་ལས་སྤྱི་འཐུས་རྡོ་རྗེ་ཚེ་ བརྟན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་བཅས་རྒྱུན་ལས་ནས་ལས་འཁྱུར་ གནང་བར་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ནས་ཇ་སྟོན་ཞིག་གོ་སྒྲིག་ ཞུས་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ ཁང་ནང་བོད་མི་མང་སྤྱི་འཐུས་རྒྱུ ན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ ལྡན་བོད་མི་མང་སྤྱི་འཐུས་ཚོགས་ གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ མཆོག་གིས་གསུང་དོན། བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་ མོ་ལགས་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་ ལགས་རྣམ་གཉིས་ལོ་གཅིག་ཧྲིལ་པོ་ དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ ལགས་ལས་དོན་ལྕོགས་མིན་གྱིས་སྤྱི ་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཟླ་ བ་དྲུག་ལྷག་རྒྱུན་ལས་ཀྱི་འགན་ཁུ ར་ཞུས་རྗེས། ད་རེས་རྒྱུན་ལས་ནས་འཁྱུར་འགྲོ་ ཡི་ཡོད་པ་དང་། རྣམ་པ་གསུམ་གྱི་ཐོག་ནས་རྒྱུན་ ལས་ཀྱི་ལས་ཁུར་ཞུ་ཕྱོགས་ཧ་ཅང་ ཡག་པོ་གནང་སོང་བས། ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཐུ གས་རྗེ་ཆེ་ཞུ་རྒྱུ་ཡིན། རྣམ་པ་གསུམ་རྒྱུན་ལས་ནས་འཁྱུར་ བ་ཙམ་རེད་མ་གཏོགས། ང་ཚོ་མཉམ་དུ་མ་འོངས་པར་མུ་མཐུད་ སྤྱི་པའི་ལས་དོན་ཐོག་ལས་ཀ་བྱ་རྒྱུ འི་གོ་སྐབས་ཡོང་གི་རེད་ཅེས་གསུ ངས་གྲུབ་མཚམས། རྒྱུན་ལས་ལས་འཁྱུར་རྣམས་ལ་དགའ་ སྐྱེལ་མཇལ་དར་ཕུལ་གནང་ཡོད་པ་ བཅས། །