༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བྱིས་པ་གསོ་སྐྱོང་དང་འབྲེལ་བའི་ལས་གཞིའི་འོག་བྱིས་སྒྲུང་ཁག་ལྔ་དཔར་སྐྲུན་གྱིས་བུ་གསོ་ཁང་དང་དམའ་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཞུས་ཡོད།
ཐེངས་འདིར་དཔར་སྐྲུན་ཞུས་པའི་བྱིས་སྒྲུང་དཔེ་དེབ་ཁག་ལྔ་ནི། སེང་ཕྲུག་དོམ་ཕྲུག མོ་ཊ་བཏང་ནས་འགྲོ ཉིན་གཅིག ཉི་ཟླ་སྐར་གསུམ། གཡང་དཀར་ལུ་གུ་བཅས་ཡིན་ཞིང་། བྱིས་སྒྲུང་དཔེ་དེབ་དཔར་སྐྲུན་འགྲེམས་སྤེལ་གནང་བའི་དམིགས་ཡུལ་གཙོ་བོ་ནི་བྱིས་པ་འཚར་ལོངས་ཀྱི་དུས་སྐབས་ནས་དཔེ་ཀློག་དང་། ཤེས་འདོད་ཀྱི་གོམས་གཤིས་སྐྲུན་ཆེད་ཡིན་པ་རེད།
ཤེས་རིག་ལས་ཁུངས་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་དེ་རྣམས་རྒྱ་གར་ནང་གི་བོད་མིའི་བུ་བཅོལ་ཁང་ ༢༡ དང་། དམའ་རིམ་སློབ་གྲྭ་ ༤༣ དཔེ་མཛོད་ཁང་ ༥ ལ་དཔར་འགྲེམས་ཞུས་ཡོད་པ་བཅས།།