༄༅། །སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༧ ཉིན་གྱི་ཞོགས་པ་ཚོུད་ ༡༡:༣༠ ཐོག་ཧོན་སུར་རབ་རྒྱལ་གླིང་ས་གནས་འགོ་འཛིན་དང་ཚོགས་མི་གྲངས་ ༤ བཅས་མངའ་སྡེའི་སྲིད་སྐྱོང་ཐ་བར་ཅནྡ་གྷེ་ལོཊ་ (Thawar Chand Gehlot) མཆོག་མཇལ་བཅར་ཞུས་ཡོད།
དེ་ཡང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ནས་གཙོ་བོ་ཧོན་སུར་གཞིས་ཆགས་དབུ་ཚུགས་ནས་ལོ་ངོ་ལྔ་བཅུ་འཁོར་བ་དང་འབྲེལ་མངའ་སྡེ་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བོད་མིའི་གནད་དོན་ཁག་ཅིག་སྐོར་བཀའ་སྡུར་ཞུས་ཡོད། དེ་རྗེས་ཧོན་སུར་རབ་རྒྱལ་གླིང་གཞུང་ལམ་ལས་གཞི་གང་མྱུར་ལག་བསྟར་ཐུབ་ཆེད་དངུལ་མངའ་གཞུང་འབྲེལ་ཡོད་ལས་ཁུངས་ (RDPR) ཀྱི་བློན་ཆེན་པྲི་ཡང་ཀ་ཁར་གེ་ (Priyank Kharge) མཆོག་དང་དྲུང་ཡིག་ཆེན་མོ་ཨན་ཇུམ་པར་བཇ་ (Anjum Parwez) ལགས་བཅས་མཇལ་འཕྲད་ཞུས་པ་བརྒྱུད་མངའ་གཞུང་ནས་བཀའ་དྲིན་བསྐྱངས་དང་བསྐྱང་མུས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།