༄༅། །སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པར་ཚོགས་བརྡ་ཞུས་དོན་ལྟར་གཙོ་བོ་མངའ་གཞུང་རོགས་དངུལ་དང་འབྲེལ་བའི་སྐོར་ཚོགས་འདུ་བསྐོང་ཚོགས་གནང་ཡོད་ཅིང་། ཚོགས་འདུ་དེ་དང་སྟབས་བསྟུན་ནས་འདི་ཟླའི་ཚེས་ ༥ ཉིན་རྒྱབ་ཏུ་ (FFRO) ལས་ཁུངས་ཀྱི་འགན་འཛིན་གཞོན་པ་རའུ་སང་ (Shri Rousung) མཆོག་མཇལ་འཕྲད་ཞུས། དེ་རྗེས་འདི་ཟླའི་ཚེས་ ༦ ཉིན་ལྷོ་སྤྱི་གཙོས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམས་ནས་གྲངས་ཉུང་མི་རིགས་འགན་འཛིན་མཆོག་དང་། མངའ་གཞུང་ཕྲལ་བསྡུ་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོ་ (The Principal Secretary, Revenue Department) མཇལ་འཕྲད་ཀྱིས་གཞིས་ཆགས་ཁག་གི་དཀའ་སྡུག་ཞུས་ཡོད།
དེ་རྗེས་འདི་ཟླའི་ཚེས་ ༧ ཉིན་རྒྱབ་ཚོུད་ ༡༢ ཙམ་ལ་ལྷོ་སྤྱི་གཙོས་ས་གནས་འགོ་འཛིན་ཁག་ལྔ་ཡིས་མངའ་སྡེའི་སྲིད་སྐྱོང་ཐ་བར་ཅནྡ་གྷེ་ལོཊ་ (Shri Thawar Chand Gehlot) མཆོག་ལ་མཇལ་བཅར་ཞུས་ཐུབ་པ་བྱུང་ཡོད།
དེ་རྗེས་མངའ་གཞུང་ལས་ཁུངས་ (RDPR) ཀྱི་བློན་ཆེན་ས་གནས་སུ་བཞུགས་མེད་པས་ཁོང་གི་དམིགས་བསལ་སྒེར་དྲུང་ནག་རཇ་ (Dr. Nagraj ,OSD) ལགས་དང་མཇལ་འཕྲད་ཀྱིས་གཞིས་ཆགས་ཁག་གི་ལམ་ཁའི་ལས་གཞི་ཁག་གང་མྱུར་ལག་བསྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཅས།།