༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ཆེད་ལས་དོའི་ས་མིག་ ༤ དང་། ལས་དྲུང་ས་མིག་ ༣ རྒན་དྲུང་ས་མིག་ ༡ བཅས་དང་། དེ་བཞིན་བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་ཆེད་ལས་དྲུང་ས་མིག་ ༡ དེ་ཡང་སྙན་ཞུ་འབུལ་མཁན་བལ་ཡུལ་རང་ལ་གནས་སྡོད་བོད་མི་ཡིན་པ་ཞིག་དགོས། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་སྲི་ཞུའི་ལས་བྱེད་དུ་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འབུལ་གནང་དགོས་རྒྱུ།
ཀ༽ བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་ཆེད་ལས་དྲུང་ས་མིག་ ༡ ༼བལ་ཡུལ་རང་ལ་གནས་སྡོད་བོད་མི་ཡིན་པ།༽ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཚད་ལྡན་མཐོ་སློབ་གང་ཞིག་ནས་རྩིས་རིག་ཉེ་བའི་གཙུག་ལག་རབ་འབྱམས་ (B Com) ཐོན་པའམ། ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ངེས་པར་དགོས་པ། (Mark sheet & Degree)
༢༽ ལོ་ཚད། ༢༠༢༣།༡༡།༢༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག རྩིས་རིག་བཅས་སློབ་ཚན་གསུམ་ཐོག་འབྲི་རྒྱུགས་དང་། བོད་སྐད་དང་། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
༤༽ དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས། ཡང་ན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
ཡིག་རྒྱུགས་བརྒྱ་ཆ། འདེམས་རྒྱུགས་འཕྲོད་པར་རྩིས་རིག་སློབ་ཚན་ཡིག་རྒྱུགས་དེར་བརྒྱ་ཆ་ ༧༠% དང་། བོད་ཨིན་སློབ་ཚན་སོ་སོར་བརྒྱ་ཆ་ ༣༣% རེ་བཅས་ལོན་དགོས་པ་ཡིན།
ཁ༽ ལས་དོའི་ས་མིག་ ༤ དང། ལས་དྲུང་ས་མིག་ ༣ རྒན་དྲུང་ས་མིག་ ༡ བཅས་ཀྱི་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཚད་ལྡན་མཐོ་སློབ་གང་ཞིག་ནས་རྩིས་རིག་ཉེ་བའི་གཙུག་ལག་རབ་འབྱམས་ (B Com) ཐོན་པའམ། ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ངེས་པར་དགོས་པ།(Mark sheet & Degree)
༢༽ ལོ་ཚད། ༢༠༢༣།༡༡།༢༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། བོད་ཡིག་དང། ཨིན་ཡིག རྩིས་རིག་བཅས་སློབ་ཚན་གསུམ་ཐོག་འབྲི་རྒྱུགས་དང་། བོད་སྐད་དང་། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
༤༽ དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས། ཡང་ན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
ཡིག་རྒྱུགས་བརྒྱ་ཆ། འདེམས་རྒྱུགས་འཕྲོད་པར་རྩིས་རིག་སློབ་ཚན་ཡིག་རྒྱུགས་དེར་བརྒྱ་ཆ་ ༧༠% དང་། བོད་ཨིན་ སློབ་ཚན་སོ་སོར་བརྒྱ་ཆ་ ༣༣% རེ་བཅས་ལོན་དགོས་པ་ཡིན།
འཚང་སྙན་འབུལ་མཁན་རྣམས་ནས་ tibet.net འམ་ dhemkolhenkhang.net དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༣ ཟླ་ ༡༠ ཚེས་ ༢༠ ལ།།
Contact address & email :
E-mail:[email protected]
བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་ཆེད་ལས་དྲུང་ས་མིག་གི་འགེངས་ཤོག་དྲྭ་མཐུད།(Online application link):
https://forms.gle/awvTQa5iM12gBHB67
རྩིས་ཞིབ་ལས་ཁུངས་ཆེད་ལས་དོའི་ས་མིག་གི་འགེངས་ཤོག་དྲྭ་མཐུད།(Online Application Link):
https://forms.gle/gdjkL8NxG5JTJ9Uv9
རྩིས་ཞིབ་ལས་ཁང་ཆེད་ལས་དྲུང་ས་མིག་གི་འགེངས་ཤོག་དྲྭ་མཐུད།(Online Application Link):
https://forms.gle/6wh4afqwBfgmdkmP8
རྩིས་ཞིབ་ལས་ཁང་ཆེད་རྒན་དྲུང་ས་མིག་གི་འགེངས་ཤོག་དྲྭ་མཐུད། (Online Application Link):
https://forms.gle/KQ7Qz52pxhM86f6A6