༄༅། །འདི་གར་ཆེ
དམ་འབུལ་བཞེས་གྲུབ་མཚམས། ས་གནས་ཁྲིམས་ཞིབ་པ་མཆོག་ནས་བཅའ་ཁྲིམས་ནང་གསལ་ས་གནས་འཐུས་མིའི་གལ་གནད་རང་བཞིན་སྐོར་དང་། ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་གནང་གལ། ས་འཐུས་ཀྱི་ལས་ཡུན་རིང་དམ་འབུལ་གྱི་ཚིག་གཞི་དགོངས་དོན་ཕྱག་ལེན་དགོས་གལ། དེ་བཞིན་ཁྲིམས་སྒྲིག་བཟོ་འགོད་བྱེད་དགོས་པའི་དམིགས་ཡུལ་བཅས་ཀྱི་ཐོག་གསུང་བཤད་གནང་རྗེས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ་གྱི་ལས་རིམ་བཅས་ལེགས་གྲུབ་བྱུང་འདུག་པའི་གནས་ཚུལ་དུ། །