༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༤ ཉིན་གྱི་སྔ་དྲོ་སུད་ཝི་ཊན་གྲོས་ཚོགས་འཐུས་མི་མར་གྷི་ཊ་ཨི་ལི་ཛི་བཊ་ (Margareta Elisabeth Cederfelt) མཆོག་གིས་སྣེ་ཁྲིད་པའི་སུད་ཝི་ཊན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་། སུད་ཝི་ཊན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Swedish Tibet Committee) ཚོགས་གཙོ་ཀལ་མི་ཊི་ (Carl Mattias Bjornerstedt) ལགས་དང་། ཚོགས་མི་ཀིར་སི་ཊི་ན་ (Kristina Eva Marie Bjornerstedt) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་འདུགསྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཁོང་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུགམཇལ་འཕྲད་སྐབས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་ངོ་སྤྲོད་དང་། དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་སྒྲིག་ཁག་གཏན་འབེབས་གནང་རྒྱུའི་ལས་དོན་དང་། རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ལྷན་འབྲེལ་བ་གནང་སྟེ་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག་ངོ་སྤྲོད། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (INPaT) ཀྱི་ངོ་བོ་དང་། དགོས་དམིགས་སྐོར་ངོ་སྤྲོད་དང་སྦྲགས། སྐུ་མགྲོན་གྲོས་ཚོགས་འཐུས་མི་རྣམ་པ་ལྷན་ཚོགས་ནང་མཉམ་ཞུགས་གནང་སྐྱོང་ཡོང་བ་ཞུས་པར། ཁོང་རྣམ་པས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་ཚོགས་མི་གནང་རྒྱུའི་ཞལ་བཞེས་གནང་འདུགསུད་ཝི་ཊན་གྲོས་ཚོགས་འཐུས་མི་མར་གྷི་ཊ་ཨི་ལི་ཛི་བཊ་ (Margareta Elisabeth Cederfelt) མཆོག་གིས་སུད་ཝི་ཊན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚབ་ཞུས་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་རྣམས་རྡ་སར་ཕེབས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པ་དང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་མཇལ་འཕྲད་གནང་བ་སོགས་རྡ་སའི་ལས་རིམ་ཁག་གི་སྐོར་ལ་གསུངས་འདུགགཞན་ཡང་མཇལ་འཕྲད་སྐབས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་འབྲེལ་མཐུད་པ་ཚོགས་དྲུང་ལས་བྱེད་བློ་བཟང་མཚོ་མོ་ལགས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (INPaT) ཀྱི་དམིགས་དོན་འགྲེལ་བརྗོད་དང་། དམིགས་ཡུལ་དང་ལས་དོན་ཁག དེའི་ཚོགས་ཆུང་ལྟེ་བ་དང་། ལས་ཁུངས་ཀྱི་ངོ་སྤྲོད་སོགས་གནང་འདུགཐེངས་འདིའི་སུད་ཝི་ཊན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམས་ནི། མོ་ཊི་རེཊ་ (Moderate) སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་མར་གྷེ་ཊ་ཨི་ལི་སི་བཊ་ (Margareta Elisabeth Cederfelt) ལགས་དང་། ཇོ་ཧ་ན་ཧོམ་བྷར་གར་ (Johanna Hornberger) ལགས། མེ་རི་ཅར་ལོ་ཊི་ནི་ཀོལ་སོན་ (Marie Charlotte Nicholson) ལགས། མེ་རི་ཝིག་ཀྲོ་རི་ཡ་ཨིས་ཀྲོག་ཧོས་ (Marie Viktoria Stockhaus) ལགས། ཨེ་ལེག་སེན་ཊར་ཨན་ཨིས་ཀྲེལ་ (Alexandra Anstrell) ལགས། ཨན་སོ་ཕི་ལི་ཝན་ཧེ་ཇ་ (Ann-Sofie Lifvenhage) ལགས། ཇོན་ཝེ་ནིར་ཧལ་ (John E Weinerhall) ལགས། སུད་ཝི་ཊན་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རི་ཅཊ་ཇོ་ན་སི་ཇོམ་ཤོབ་ (Richard Johannes Jomshof) ལགས། བོ་ཇོན་སོ་ཊར་ (Bjorn Soder) ལགས། ཡེ་ཤུའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གུ་གྲུམ་མར་གྷེ་ཊ་བུ་རུ་ནེ་གཊ་ (Gudrun Margareta Brunegard) ལགས། གྷི་རིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེ་ནི་སོ་ཕི་ཨམ་ཨི་རིག་སོན་(Janine Sofie Alm Ericson) ལགས་བཅས་དང་། ཁོང་རྣམ་པ་ལྷན་དུ་སུད་ཝི་ཊན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Swedish Tibet Committee) ཚོགས་གཙོ་ཀལ་མི་ཊི་ (Carl Mattias Bjornerstedt) ལགས་དང་། ཚོགས་མི་ཀིར་སི་ཊི་ན་ (Kristina Eva Marie Bjornerstedt) ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་བཅས་ཕེབས་གནང་འདུག་པ་བཅས། །
གསར་གནས།
འབྲེལ་གནས།