༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡༢ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་རྩིས་དཔོན་བསྟན་འཛིན་དཔལ་སྐྱིད་ལགས་དང་བྱང་ཕྱོགས་ས་གནས་འབྲེལ་འཐུད་པ་བསྟན་འཛིན་ཚེ་དབྱངས་ལགས་རྣམ་གཉིས་ཀྱིས་ལ་དྭགས་དང་བྱང་ཐང་མངལ་ཁུལ་གྱི་འཕྲོད་བསྟེན་ལས་གཞི་ལག་བསྟར་བྱེད་བཞིན་པ་ཁག་ལ་དཔྱད་ཞིབ་གནང་ཡོད།
དེ་ཡང་ཉིན་གྲངས་གསུམ་རིང་བྱང་ཐང་མངའ་ཁུལ་གྱི་ས་གནས་ཁག་བདུན་གྱི་སྤྱི་མི་དང་ས་གནས་མང་ཚོགས་མཉམ་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་མ་ཟད། ལས་འཆར་ཁག་ལ་རྟོག་ཞིབ་གནང་ཡོད།ཕྱི་ཚེས་ ༡༨ ཉིན་ས་གནས་འཕྲོད་བསྟེན་ལས་ཁང་གི་སྣེ་ཁྲིད་པའི་འཕྲོད་བསྟེན་ལས་རིམ་ཁག་ལ་རྟོག་ཞིབ་དང་། གསར་དུ་བསྐོ་གཞག་གནང་བའི་སྨན་ཁང་འགན་འཛིན་བསོད་ནམས་ལྷ་མཚོ་ལགས་དང་། འཕྲོད་བསྟེན་རྩིས་པ་བསྟན་འཛིན་ཐོགས་མེད་ལགས་སུ་འཕྲོད་བསྟེན་ལས་རིམ་ཐོག་རྒྱུས་སྟོན་གནང་རྒྱུ་ཡིན་འདུག