༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༨ གཟའ་སྐར་དགེ་བའི་ཉིན་ཨ་རིའི་
ཞྭ་གསེར་བསྟན་པའི་གསལ་འབྱེད་སྐྱ
ཨེ་ཐི་ཁ་རྣམ་རྒྱལ་གྲྭ་ཚང་ཆོས་ཚོ
ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རི
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣ
༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་ད་བར་མི་ལོ་ཧྲིལ་པོ་ ༦༤ སོང་རིང་བོད་བསྟན་སྲིད་ཀྱི་དོན་དུ་རླབས་ཆེ་བའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་མ་ཟད། དེ་ལས་རྒྱ་ཆེ་ཞིང་རླབས་ཆེ་བའི་མཛད་པ་ནི། གོ་ལ་འདིའི་སྟེང་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་འདུ་ཤེས་སྐྲུན་རྒྱུར་འབད་བརྩོན་དགོས་པ་དང་། མ་ཡི་མངལ་ལས་སྐྱེ་དུས་ནས་རང་ཆས་སུ་ཡོད་པའི་མིའི་བྱམས་བརྩེའི་རང་བཞིན་དེ། ཤེས་ཡོན་སློབ་གསོའི་ལམ་ནས་གོང་འཕེལ་གཏོང་རྒྱུར་ད་ལྟ་ནས་འབད་བརྩོན་བྱས་ན། འབྱུང་འགྱུར་བདེ་སྐྱིད་ལྡན་ལ་འཚེ་བ་མེད་པའི་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ངེས་ཡིན་པའི་རླབས་ཆེན་གྱི་དགོངས་པའི་ས་བོན་བཏབ་ཡོད་པ་དེ་ཡིན། དེར་བརྟེན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོའི་མཛད་པ་མཚོན་པའི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་ཞིག་གསར་བཞེངས་གནང་ཐུབ་པར་སླར་ཡང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། “ཞེས་གསུངས།
དབུ་འབྱེད་མཛད་སྒོ་གྲུབ་རྗེས། ཨེ་ཐི་ཁ་བོད་རིགས་སྤྱི་མཐུན་ཚོ
བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བ།
གསར་གནས།

འབྲེལ་གནས།
