༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༡ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་ འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ བཅས་ལས་གྲུབ་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོ གས་ཆུང་ནས་ཇ་མུར་གནས་བཞུགས་རྒྱ་ གར་དབུས་གྲོས་ཚོགས་འོག་མའི་འཐུ ས་མི་སྐུ་ཞབས་ཇུ་གྷལ་ཀི་ཤོར་ཤར་མ་ (Shri Jugal Kishore Sharma, BJP MP Lok Sabha) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ བོད་དོན་ཞུ་སྐུལ་དོན་ཚན་བཅུ་ཅན་ གྱི་ཡིག་ཆ་སྤྱན་བསྟར་ཞུས་ཏེ། རྒྱ་གར་གཞུང་མང་གཉིས་ནས་བོད་དོ ན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་ སྐྱོང་ཡོང་བ་བཅས་ཞུས་རྗེས། རྒྱལ་ས་ཤྲཱི་ན་གྷར་ཕེབས་ཐོན་ གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།