༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་ ཚེ་རིང་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ བཅས་ལས་གྲུབ་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོ གས་ཆུང་ནས་ལ་དྭགས་དབུས་འཛིན་ མངའ་གཞུང་གི་སྲིད་སྐྱོང་རྒྱ་གར་ དམག་སྤྱི་ཟུར་པ་སྐུ་ཞབས་བྷི་ཌི་མི་ཤི་རཱ་ (Brig (Dr) B. D Mishra (Retd), Honourable Lieutenant Governor of Ladakh) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོ ར་ངོ་སྤྲོད་དང་། དེ་བཞིན་ས་གནས་སུ་གནས་སྡོད་བོད་ མི་ཚོར་གཟིགས་རྟོག་སྔར་ལྷག་གནང་ སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་ དང་ཆབས་ཅིག བོད་མི་མང་སྤྱི་འཐུས་ཚོགས་གཙོ་ མཆོག་གི་མཚན་རྟགས་འཁོད་པའི་དོན་ ཚན་བཅུ་ཅན་གྱི་བོད་དོན་ཞུ་སྐུལ་ གྱི་ཡིག་ཆ་བཅས་ཕུལ་ནས་བོད་དོན་ ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོ ང་ཡོང་བ་བཅས་ཞུས་གནང་འདུག
གསར་གནས།
འབྲེལ་གནས།