༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རི ང་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ བཅས་ལས་གྲུབ་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོ གས་ཆུང་ནས་ལ་དྭགས་སུ་བོད་དོན་ཞུ ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོ ད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་རྣམ་ པས་ལ་དྭགས་ཁུལ་གྱི་བྷི་ཇེ་པི་སྲི ད་དོན་ཚོགས་པའི་ཚོགས་གཙོ་ཕུན་ཚོ གས་བསྟན་འཛིན་ (Phunchok Stanzin, State President Bharatiya Janata Party Ladakh) མཆོག་དང་། ལ་དྭགས་ཁུལ་གྱི་བྷི་ཇེ་པི་སྲིད་ དོན་ཚོགས་པའི་དྲུང་ཆེ་བསོད་ནམས་ ནོར་བུ་ (Sonam Norbu, General Secretary of State Kisan morcha, BJP) མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱ ས་ལྷན་ཚོགས་ཀྱི་སྡེ་དཔོན་ཟུར་པ་ སྐུ་ཞབས་རྒྱལ་པི་དབང་རྒྱལ་ (Gyal P Wangyal, Former CEC of Leh Ladakh) མཆོག ལ་དྭགས་ཁུལ་གྱི་གློག་བརྙན་འཁྲབ་ སྟོན་པ་དང་གཞས་པ་གྲགས་ཅན། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ ཕུན་ཚོགས་ (Renowned Ladhaki Actor & Singer, and Tibet supporter Phuntsok Ladhaki) མཆོག ལ་དྭགས་ཕན་བདེ་ཚོགས་པའི་ཚོགས་མི ་སྐུ་ཞབས་པར་མིཏ་ (Parmeetji, Ladakh Phendey Tsokpa, JK&Ladakh Pracharak) མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱ ས་ལྷན་ཚོགས་ཀྱི་ཚོགས་མི་དང་། ཀོང་རེ་སི་སྲིད་དོན་ཚོགས་པའི་ དབུ་ཁྲིད་ཚེ་རིང་རྣམ་རྒྱལ་ (Tsering Namgyal, Lower Leh councillor and leader of Opposition) མཆོག་བཅས་དང་ལྷན་མཇལ་འཕྲད་ཀྱིས་ ད་བར་རྒྱ་གར་གཞུང་མང་གཉིས་ནས་སྐྱ བས་བཅོལ་བོད་མི་རྣམས་ལ་མཐུན་འགྱུ ར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་ སྦྲགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟ ངས་སྐོར་ངོ་སྤྲོད་དང་། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོ ར་གནང་སྐྱོང་ཡོང་བའི་ཞུ་སྐུལ་ དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ མཆོག་གི་མཚན་རྟགས་འཁོད་པའི་དོན་ ཚན་བཅུ་ཅན་གྱི་བོད་དོན་ཞུ་སྐུལ་ གྱི་ཡིག་ཆ་སོགས་ཕུལ་གནང་ཡོད་པ་ བཅས། །
གསར་གནས།
འབྲེལ་གནས།