༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་ ཚེ་རིང་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ བཅས་ལས་གྲུབ་པའི་བོད་མི་མང་ལྷན་ ཚོགས་ཀྱི་སྤྱི་འཐུས་སྐུ་ཚབ་ཚོ གས་ཆུང་ནས་ལ་དྭགས་སུ་ཡུལ་སྐོར་ བློན་ཆེན་ཟུར་པ་འཇོ་ར་ངག་དབང་རི ག་འཛིན་ (Shri Ngawang Rinzin Jorba, former Minister for Tourism) མཆོག་དང་། རྒྱ་གར་དབུས་གྲོས་ཚོགས་གོང་མའི་ འཐུས་མི་ཟུར་པ་ཁྲེག་རྩེ་རིན་པོ་ ཆེ་མཆོག ཇ་མུ་ཀ་ཤི་མིར་མངའ་སྡེའི་བློན་ ཆེན་ཟུར་པ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱ ས་ལྷན་ཚོགས་ཀྱི་སྡེ་དཔོན་ཟུར་པ། ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོ གས་གཞོན་ཚེ་རིང་རྡོ་རྗེ་ (Shri Tsering Dorjee, Vice president of Leh Ladakh Buddhist Association, and former Chairman of Ladakh Autonomous Hill development council and Former Cabinet Minister, J&KState) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲ ད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་ གནས་སྟངས་སྐོར་ངོ་སྤྲོད་ཀྱིས་བོ ད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ གནང་སྐྱོང་ཡོང་བའི་ཞུ་སྐུལ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོ གས་གཙོ་མཆོག་གི་མཚན་རྟགས་འཁོད་ པའི་དོན་ཚན་བཅུ་ཅན་གྱི་བོད་དོན་ ཞུ་སྐུལ་གྱི་ཡིག་ཆ་སོགས་ཕུལ་ གནང་ཡོད་འདུག
གསར་གནས།
འབྲེལ་གནས།