

ཕྱི་ཟླ་ ༩ པའི་ཚེས་ ༡ ནས་ ༢ བར་རྒྱལ་ཁབ་ ༣༠ ཙམ་ནས་གྲོས་ཚོགས་འཐུས་མི་ཁྱོན་ མི་གྲངས་ ༥༠ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོ ས་ཚོགས་གོང་འོག་གཉིས་སུ་ལྷན་འཛོ མས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་ འཐུས་མིའི་མཉམ་འབྲེལ་ཚོགས་པའི་ ངོས་ནས་འདས་ལོའི་ནང་གི་ལས་དོན་ ཐོག་གྲུབ་འབྲས་ཇི་བྱུང་དང་། གདོང་ལེན་ཇི་བྱས་ཐོག་བསམ་ཚུལ་ བརྗེ་ལེན་དང་། དེ་བཞིན་རྒྱ་ནག་དམར་གཞུང་གིས་རྒྱ ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ ཐོག་ནས་རྒྱལ་སྤྱིའི་ནང་ཁྲིམས་ དང་། ཞི་བདེ། བདེ་འཇགས། རང་དབང་། མང་གཙོ་བཅས་ལ་ཉེན་ཁ་འདྲ་མིན་བཟོ ས་དང་བཟོ་བཞིན་པར་གདོང་ལེན་བྱེ ད་ཕྱོགས་ཀྱི་ཐབས་བྱུས་ཐོག་བགྲོ་ གླེང་གནང་ཡོད་འདུག
ཐེངས་འདིའི་ཚོགས་འདུ་དེར་གཙོ་བོ ་རྒྱ་ནག་དང་འབྲེལ་བའི་བརྗོད་གཞི ་དྲུག་གི་ཐོག་བགྲོ་གླེང་གནང་ཞི ང་། དེ་ཡང་ཐའེ་ཝན་དང་། བསྐྱར་གསོ་རུང་བའི་ཐོན་ཁུངས་ གཞན་རྟེན། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོ ན། ཧོང་ཀོང་། རྒྱུད་གཅིག་ལམ་གཅིག འགྲོ་བ་མིའི་ཐོབ་ཐང་བཅས་ཡིན་འདུ ག

ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་རྒྱལ་སྤྱིའི་གྲོས་ཚོགས་འཐུ ས་མིའི་མཉམ་འབྲེལ་ཚོགས་པའི་ཟུང་ འབྲེལ་ཚོགས་གཙོ་ཅེག་སྤྱི་མཐུན་ རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ འཐུས་མི་སྐུ་ཞབས་པ་ཝེལ་ཧྥི་སི་ཆར་མཆོག་གིས་ཐེངས་འདིའི་ ཚོགས་འདུའི་པ་རག་གི་བསྒྲགས་གཏམ་ (Prague IPAC communique) གཏན་འབེབས་མ་གནང་བའི་སྔོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ དང་། ཧོང་ཀོང་རང་དབང་། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ བཅས་ཀྱི་སྐུ་ཚབ་རྣམ་པའི་དགོངས་ འཆར་ཁག་གསན་ཡོད་ཅིང་། མཐར་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་ གཙོ་སྐུ་ཞབས་ཡུ་ཤིས་ཀུན་ (You Si-Kun, President of the Legislative Yuan of the Republic of China) མཆོག་གིས་དྲྭ་ཐོག་ནས་གསུང་བཤད་ གནང་འདུག

གཞན་ཡང་འཛམ་གླིང་ནང་ཞི་བདེ་དང་། རང་དབང་། ཁྲིམས་དང་ལྡན་པ་ཞིག་ཡོང་ཐབས་སུ་ རྒྱ་ནག་དམར་གཞུང་གི་འགོ་ཁྲིད་རྣ མ་པ་འགན་ཁུར་ལྡན་པ་བཟོ་རྒྱུ་ནི་ རྒྱ་དམར་འོག་སྡུག་སྦྱོང་མནར་གཅོ ད་མྱོང་མཁན་གྱི་ཁེ་ཕན་ཙམ་མ་ཡིན་ པར། རྒྱ་རིགས་མི་མང་དང་། རྒྱ་ནག་གི་ཁེ་ཕན་ལའང་ཐུག་ཡོད་སྟ བས། རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱིས་ འཛམ་གླིང་དེ་བཞིན་ཞི་བདེ་དང་། འཆམ་མཐུན་ལྡན་པ་ཞིག་ཡོང་ཐབས་ གནང་དགོས་པ། དེ་བཞིན་རྒྱ་ནག་དམར་གཞུང་གིས་བོ ད་མིའི་ངོ་བོ་དང་། ཆོས་དང་རིག་གཞུང་། སྐད་ཡིག་བཀོལ་སྤྱོད་སོགས་ཀྱི་ཐོ ག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ ཡོད་པ་སོགས་ཀྱི་སྐོར་གསུངས་རྗེ ས། མཐར་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས་འཐུས་མི་རྣམ་པ། མི་མང་བཅས་ནས་བོད་ཀྱི་བདེན་པའི་ འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་ བར་ཐུགས་རྗེ་ཆེ་ཞུས་འདུག
ཚོགས་འདུའི་ཞོར་དུ་དཔལ་ལྡན་ཚོ གས་གཞོན་མཆོག་གིས་ཅེག་གྲོས་ཚོ གས་འཐུས་མིའི་བོད་དོན་རྒྱབ་སྐྱོ ར་ཚོགས་པའི་ཚོགས་གཙོ་པེ་རིམ་སི ལ་ ར་བྷ་སེ་ (Senator Premysl Rabas, Chair of Czech Parliament Tibet Group) མཆོག་དང་། ཚོགས་མི་གྲོས་ཚོགས་འོག་མའི་འཐུ ས་མི་ཧ་ཡ་ཊོ་ ཇོ་སིབ་ ཨོ་ཀ་མུ་ར་ (Hayato Josef Okamura, Member of Chamber of deputies) མཆོག དྲུང་ཆེ་གྲོས་ཚོགས་གོང་མའི་འཐུ ས་མི་ཀེ་ཊི་རི་ནཱ་ ཇེ་ཁུ་སི་ (Senator Katerina Jacques, Secretary of Czech Parliamentary Tibet Support Group) མཆོག བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ མར་ཊིན་ བྷུར་སིག་ (Mr. Martin Bursik, Supporter of Tibet) མཆོག བོད་དོན་རྒྱབ་སྐྱོར་བ་ཨི་ཌི་ཊ་ ཀེ་ལེག་ཀེ་རོ་ཝ (Edita Kleckerova Director of Lungta) མཆོག བོད་དོན་རྒྱབ་སྐྱོར་བ་གྷ་བྷེ་རི ་ལ་ གྷ་ཛ་ཌི་ཀོ་ཝ་ (ProTibet Gabriela Gazdikova) མཆོག་བཅས་དང་ལྷན་མཇལ་འཕྲད་ཀྱིས་ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟ ངས་སྐོར་ངོ་སྤྲོད་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ ཐུགས་རྗེ་ཆེ་ཞུས་འདུག
