༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༡༢ ཉིན་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཐའེ་ཝན་གློག་བརྙན་དུས་སྟོན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོར་ལྷན་ཞུགས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ནས་ཨོསྟྲེ་ལི་ཡཱ་གནས་འཁོད་ཐའེ་ཝན་གྱི་གཞུང་ཚབ་གསར་པ་དོག་ལ་སི་ཧུ་སུ་ (Douglas Hsu) ལགས་དང་མཇལ་འཕྲད་གནང་སྟེ། ཁོང་ཉིད་ཨོསྟྲེ་ལི་ཡཱར་ཐའེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཀྱི་གཞུང་ཚབ་ཏུ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཁོང་མོའི་འབྱུང་འགྱུར་ལས་དོན་རྣམས་བཀྲ་ཤིས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད།
སྐུ་ཚབ་དོན་གཅོད་དང་ལྷན་དུ་རྒྱ་རིགས་འབྲེལ་མཐུད་ཟླ་བ་བཟང་མོ་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།