༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་དམིགས་བཀར་ལས་བྱེད་གསར་འདེམས་བསྐོ་གཞག་བྱ་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་སྲི་ཞུའི་ལས་བྱེད་དུ་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འབུལ་གནང་དགོས་རྒྱུ།
ཀ༽ ས་གནས་ཁྲིམས་ཞིབ་པ་དྲུང་གཞོན་ལས་རོགས་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡) ལས་འགན། ས་གནས་ཁྲིམས་ཞིབ་པ།
༢) གནས་རིམ། དྲུང་གཞོན་ལས་རོགས།
༣) ཤེས་ཚད། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཁྲིམས་ལུགས་རབ་འབྱམས་ (LLM) བསླབ་པ་མཐར་སོན་པ། ཡང་ན་ཉེ་བའི་ཁྲིམས་ལུགས་རབ་འབྱམས་ (LLB) བསླབ་པ་མཐར་སོན་པ་གང་ཞིག་ཁྲིམས་འབྲེལ་ལས་དོན་ཐོག་ལོ་གཉིས་ཧྲིལ་པོ་ཡན་གྱི་ལས་ཀའི་ཉམས་མྱོང་ཡོད་པ།(ཉམས་མྱོང་དེ་བཞིན་ཞོར་ལས་མིན་པར་ལས་དུས་ཆ་ཚང་(full time)ཡིན་པ་དགོས།)
༤) ལོ་ཚད། ༢༠༢༣།༩།༡ ཉིན་རང་ལོ་ ༣༠ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༥) རྒྱུགས་གཞི། བོད་ཡིག་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང། སྤྱི་མང་གཏུག་གཤེར་ཁྲིམས་ཡིག ས་ཁང་སྒྲིག་གཞི་གསུམ་གྱི་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ། དེ་བཞིན་ཨིན་ཡིག་ཐོག་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ཁ༽ ས་གནས་ཁྲིམས་དྲུང་ལས་ཁུངས་དོ་དམ་པའི་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡) ལས་འགན། ས་གནས་ཁྲིམས་དྲུང།
༢) གནས་རིམ། ལས་ཁུངས་དོ་དམ་པ།
༣) ཤེས་ཚད། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉེ་བའི་ཁྲིམས་ལུགས་རབ་འབྱམས་ (LLB) བསླབ་པ་མཐར་སོན་པའི་ལག་འཁྱེར་ཡོད་པ།(Degree and mark sheet)
༤) ལོ་ཚད། ༢༠༢༣།༩།༡ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༥) རྒྱུགས་གཞི། བོད་ཡིག་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང། སྤྱི་མང་གཏུག་གཤེར་ཁྲིམས་ཡིག ས་ཁང་སྒྲིག་གཞི་གསུམ་གྱི་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ། དེ་བཞིན་ཨིན་ཡིག་ཐོག་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ཡིག་རྒྱུགས་བརྒྱ་ཆ། འདེམས་རྒྱུགས་འཕྲོད་པར་བྱེད་པ་ལ་བོད་ཡིག་ལ་བརྒྱ་ཆ་ ༣༣ དང། ཨིན་ཡིག་ལ་བརྒྱ་ཆ་ ༧༠ ལོན་དགོས། གོང་གསལ་ས་མིག་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་གཤམ་གསལ་ཡིག་ཆ་ཁག་ངེས་པར་འབུལ་དགོས།
༦༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༧༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༨༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(Medical Certificate)ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༩༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
འཚང་སྙན་འབུལ་མཁན་རྣམས་ནས་ tibet.net འམ་ dhemkolhenkhang.net དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༣ ཟླ་ ༨ ཚེས་ ༡ ལ།།
དྲུང་ལས་གནས་རིམ་གྱི་འགེངས་ཤོག་དྲྭ་མཐུད། (Online application link)
https://forms.gle/2AdZ1ctsnFwDXy1KA
ལས་དོ་གནས་རིམ་གྱི་འགེངས་ཤོག་དྲྭ་མཐུད། (Online application link)
https://forms.gle/18WJKjGVaEJbxqzB9
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]