༄༅། །ཉེ་སྔོན་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་ཤེས་ཡོན་སློབ་གསོ་ཚོགས་ཆུང་བསྐྱར་གསོ་གནང་ནས་ཤེས་ཡོན་སློབ་གསོ་ཚོགས་ཆུང་གི་ལས་འགུལ་དང་པོ་དེ་ཉིད་ཕྱི་ཚེས་ ༢༠༢༣ ཟླ་བ་ ༨ ཚེས་ ༢༣ ཉིན་རྒྱབ་ཚོུད་ ༢།༣༠ ཐོག་ཤར་རྩེའི་ཆོས་རྭར་ས་གནས་ཀྱི་སཾ་བྷོ་ཊའི་སློབ་གྲྭ་གསུམ་དང་། གྲྭ་ཚང་ཁག་གི་སློབ་གྲྭ་བཞི་བཅས་ཀྱི་འཛིན་རིན་དང་པོ་ནས་བཅིུས་བར་གྱི་སློབ་ཕྲུག་ནང་ཁུལ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གོ་སྒྲིག་ཞུས་ཡོད།
དེ་ཡང་འཛིན་གྲྭ་དང་པོ་ནས་བཅུ་པ་བར་འཛིན་གྲྭ་རེ་ནས་སློབ་ཕྲུག་དྲག་འདེམས་གསུམ་རེ་དང་། འཛིན་གྲྭ་བཅིུག་དང་བཅིུས་ཁོངས་ཤར་རྩེ་སློབ་གྲྭའི་སློབ་ཕྲུག་གསུམ་དང་། སཾ་བྷོ་ཊའི་སློབ་ཕྲུག་བཅིུས་རེ་མཉམ་ཞུགས་གནང་སྟེ་ཁྱོན་བསྡོམས་སློབ་ཕྲུག་ ༡༨༣ བོད་ཡིག་ཡིག་གཟུགས་འགྲན་བསྡུར་འདིའི་ཐོག་ཞུགས་ཐུབ་པ་བྱུང་ཡོད།
ས་གནས་བེུད་ལྷན་ཚོགས་ནས་ཡིག་གཟུགས་འགྲན་བསྡུར་གྱི་བྲིས་ཤོག་གོ་སྒྲིག་གནང་ཡོད་ཅིང་། ཡིག་གཟུགས་འགྲན་བསྡུར་སྐབས་སློབ་མ་དེ་དག་ལ་བཞུགས་གནས་དང་ཅོག་ཙེ། འཐུང་ཆུ་དང་མངར་ཟས་བཅས་ཀྱི་གོ་སྒྲིག་ཤར་རྩེ་སློབ་གྲྭ་ནས་གནང་ཡོད། དེ་བཞིན་འགྲན་བསྡུར་ཐོག་ལྟ་རྟོག་གནང་མཁན་སྤྱི་མིའི་སྐུ་ཚབ་གཉིས་དང་། སློབ་གྲྭ་ཁག་གི་དགེ་རྒན་ལས་བྱེད་རྣམ་པར་གསོལ་ཇ་ཞལ་ཏོག་སོགས་ཤར་རྩེ་གྲྭ་ཚང་ནས་མཐུན་འགྱུར་བཀྲིན་བསྩལ་ཡོད།
ས་གནས་ཀྱི་ཤེས་ཡོན་སློབ་གསོའི་ཚོགས་ཆུང་ནང་གི་ཚོགས་མིར། ས་གནས་འགོ་འཛིན་གཙོས་སཾ་བྷོ་ཊའི་གཏན་ཉིན་སློབ་གྲྭའི་སློབ་སྤྱི་དང་། སཾ་བྷོ་ཊའི་གཞི་རིམ་འོག་མའི་སློབ་གྲྭ་གཉིས་ཀྱི་དགེ་ཆེ། གྲྭ་ཚང་ཁག་གི་སློབ་གྲྭའི་སློབ་སྤྱི། ས་གནས་གཞོན་ནུ་དང་བེུད་ཚོགས་གཙོ་བཅས་ཡོད།།