༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༠༥ ཉིན་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་དན་ནཡ་ཀུ་མཱར་ཇིན་ན་པ་ (Dhanyakumar Jinnappa Gunde) ལགས་བྷེང་ལོར་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ཐུག་འཕྲད་དང་དཀའ་ངལ་ཇི་ཡོད་རྟོགས་ཞིབ་གནང་བར་ཕེབས་ཡོད།
སྐབས་དེར་ཁོང་གིས་དབུས་དང་མངའ་སྡེ་གཞུང་གི་ཁྲིམས་དང་། རྒྱ་གར་གཞུང་གིས་གྲངས་ཉུང་མི་རིགས་ཆེད་ཟུར་བཅད་སྔོན་རྩིས་གཏན་འབེབས་གནང་ཡོད་པའི་ཁེ་ཕན་ལེན་ཐབས་སྐོར་དང་། དམིགས་བསལ་སློབ་གཉེར་བ་རྣམས་ཀྱིས་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ནས་གྲངས་ཉུང་མི་རིགས་ཀྱི་སློབ་ཡོན་ལེན་འཐུས་པའི་སྐོར་ངོ་སྤྲོད་གསལ་བཤད་གནང་ཡོད།
ཚོགས་འདུའི་ནང་ལྷོ་སྤྱི་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཚེ་དཔལ་ལགས་དང་། ཀུན་དགའ་ཡེ་ཤེས་ལགས་མཉམ་ཞུགས་གནང་ཡོད་པ་བཅས།།