
ཆུ་ཚོད་ ༡༢།༠༠ ཐོག་མངའ་སྡེའི་སྲིད་སྐྱོང་མཆོག་ གི་ཕོ་བྲང་ (Raj Bhavan) དུ་སྲིད་སྐྱོང་སྐུ་ཞབས་ལཀྴི་མན་པརཱ་སདྷ་ ཨཅརྱ་ (Shri Lakshman Prasad Acharya ji, Governor of Sikkim) མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་མི ་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱ ག་རྟགས་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གི་ མཚན་རྟགས་འཁོད་པའི་ཞུ་སྙན་དོན་ ཚན་ ༡༠ ཅན། ཞྭ་སྒབ་པའི་ཕྱི་བསྐྱོད་ལམ་ཡིག སྐད་རིགས་གསུམ་ནང་འཁོད་པའི་བོད་ དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་ཕུ ལ་ཏེ་བོད་དོན་ལ་རྒྱབ་སྐྱོར་དང་ ཐུགས་ཁུར་གནང་སྐྱོང་ཡོང་བ་དང་། ལྷག་པར་དུ་འབྲས་ལྗོངས་མངའ་སྡེའི ་ནང་ཡོད་བོད་མི་རྣམས་ལ་མཐུན་འགྱུ ར་དང་རོགས་མགོན་གནང་སྐྱོང་ཡོང་ བ་ཞུས།
ཁོང་ནས་འདས་པའི་ལོ་བཅུ་ཕྲག་གཅི ག་ལྷག་གོང་བཀའ་བློན་ཁྲི་ཟུར་ཟམ་ གདོང་རིན་པོ་ཆེ་མཆོག་གི་བཀའ་སློ བ་གསན་རྒྱུའི་སྐལ་བཟང་བྱུང་བས་ དེ་འབྲེལ་བོད་དོན་ལ་རྒྱུས་མངའ་ གང་འཚམས་ཡོད་ཚུལ་དང་། དེ་བཞིན་ཁོང་གི་བཞུགས་ཡུལ་ཉེ་ འགྲམ་ཝཱ་ཎ་བོད་ཀྱི་ཆེས་མཐོའི་ གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོ ར་ཐེངས་ཁ་ཤས་བསྐྱངས་མྱོང་བའི་སྐོ ར། རྒྱ་གར་དབུས་སའི་གཞུང་ནས་བོད་མི ་དང་བོད་དོན་ལ་རྒྱབ་སྐྱོར་གནང་ རྒྱུ་དེ་ཁུར་དུ་འཁྲི་བའི་ལས་ འགན་ཡིན་པ་བཞིན་འདས་པའི་མི་ལོ་ ༦༠ ལྷག་རིང་རྒྱབ་སྐྱོར་གནང་ཡོད་པ་ ལྟར་མ་འོངས་པར་མུ་མཐུད་རྒྱབ་སྐྱོ ར་གནང་རྒྱུ་ཡིན་པའི་སྐོར། སྒང་ཏོག་ཏུ་ཡོད་པའི་རྣམ་རྒྱལ་བོ ད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་ བོད་པའི་ཕྱག་དཔེ་གཙོས་རིན་བྲལ་ གྱི་རྟེན་མཚོན་མང་པོ་གཅེས་ཉར་ གནང་ཡོད་པ་དང་དེ་བཞིན་གསོ་བ་རི ག་པའི་སྡེ་ཚན་གྱི་ལས་གཞི་འགྲོ་ བཞིན་པ་སོགས་འཕགས་བོད་ཆོས་རིག་ འབྲེལ་བའི་ལས་དོན་ཁག་ལ་མཐུན་འགྱུ ར་གང་ལེགས་གནང་གི་ཡོད་པའི་སྐོར།
འབྲས་ལྗོངས་སུ་གནས་སྡོད་བོད་མི་ རྣམས་ཀྱིས་བདེ་སྡུག་ཞུ་དགོས་རི གས་འཛེམ་ཟོན་མེད་པར་སྙན་འབུལ་ཞུ ་དགོས་རྒྱུ། ཆེས་མཆོག་ཏུ་བཀུར་བར་འོས་པའི་བོ ད་མིའི་བླ་ན་མེད་པའི་དབུ་ཁྲིད་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་སྒང་ཏོག་ཏུ་༸ཞབས་སོར་ བཀའ་དྲིན་བསྐྱང་གནང་མཛད་ཚེ་སྲི ད་སྐྱོང་ཕོ་བྲང་རང་དུ་བཞུགས་ གནས་གོ་སྒྲིག་ཞུ་རྒྱུའི་སྐལ་ བཟང་གི་དུས་ཚོད་ངང་སྒུག་གནང་བཞི ན་ཡོད་པ་མ་ཟད། ཁོང་ཡང་བཞུགས་སྒར་རྡ་རམ་ས་ལར་ཆེ ད་བཅར་གནང་རྒྱུའི་ཐུགས་རེ་འཆང་ བཞིན་ཡོད་པ་སོགས་བོད་དོན་ལ་རྒྱ བ་སྐྱོར་དང་ཐུགས་ཁུར་གནང་བཞིན་ ཡོད་པའི་སྐོར་སོགས་བཀའ་མོལ་ལྷུ ག་རྩོལ་གནང་བ་དང་། ང་ཚོའི་ངོས་ནས་ཁོང་དང་མཇལ་འཕྲད་ ཀྱི་གོ་སྐབས་གནང་བ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ འི་མཚོན་བཀའ་མོལ་ལྷུག་རྩོལ་གནང་ བ་ལ་བཀའ་དྲིན་བླ་ན་མེད་པ་ཆེ་ཞེ ས་དང་། བཞུགས་སྒར་རྡ་རམ་ས་ལ་དང་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་བཅས་སུ་ ཞབས་སོར་ངེས་པར་དུ་བཀོད་རོགས་ཞུ ས་པ་དང་།

མངའ་སྡེའི་སྲིད་སྐྱོང་མཆོག་ མཇལ་འཕྲད་ཀྱི་སྐབས་སུ་སྒང་ཏོག་ ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ ལགས་ལྷན་བཅར་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་མཇལ་འཕྲད་གྲུབ་ མ་ཐག་སྲིད་སྐྱོང་ལས་ཁུངས་ཀྱི་ཕྱི ་འབྲེལ་སྡེ་ཚན་གྱི་ལས་བྱེད་བོད་ པའི་བུ་མོ་བཀྲ་ཤིས་ལགས་ནས་སྲིད་ སྐྱོང་ཕོ་བྲང་དུ་ཡོད་པའི་བོད་ཀྱི ་མིང་འཁོད་ཁང་པར་ (Tibet) མཇལ་སྐོར་དུ་ཁྲིད་གནང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་སྲིད་སྐྱོང་ཕོ་བྲང་དུ ་བཞུགས་ཞག་གནང་ཚེ་བཞུགས་གནས་དེ་ ཉིད་ཡིན་པའི་ངོ་སྤྲོད་གནང་བ་ བཅས་ཀྱིས་འབྲས་ལྗོངས་མངའ་སྡེའི་ ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་ འགོ་འཛུགས་གནང་ཡོད་པ་བཅས། །