༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སུ་ཇ་བོད་ཁྱིམ་དང་། ཅོན་ཏ་ར་བོད་ཁྱིམ་གཉིས་ཀྱི་སློབ་ཕྲུག་རྣམས་གློ་ནད་ཊི་བི་བརྟག་དཔྱད་གནང་ཡོད།
དེ་ཡང་སློབ་གྲྭ་སོ་སོའི་སྨན་ཞབས་པ་རྣམས་ནས་བརྒྱུད་རིམ་གཉིས་བརྒྱུད་དེ་སློབ་ཕྲུག་རྣམས་ལ་བརྟག་དཔྱད་གནང་འབྲས་སུ་ནད་གཞི་ཐོན་པའི་སློབ་ཕྲུག་གཅིག་ཀྱང་བྱུང་མེད། བོད་མིའི་སྒྲིག་འཛུགས་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློ་ནད་ཊི་བི་མེད་པ་བཟོ་རྒྱུའི་དམིགས་ཚད་བཟུང་ཡོད་པ་ལྟར། རིམ་བཞིན་གཞིས་ཆགས་ཁག་དང་། སློབ་གྲྭ དགོན་སྡེ་གྲྭ་ཚང་སོགས་སུ་གློ་ནད་ཊི་བི་བརྟག་དཔྱད་གནང་འཆར་ཡོད། ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་འཕྲོད་བསྟེན་ལས་གཞི་འདིའི་འོག་སློབ་ཕྲུག་གྲངས་ ༩༣༣ ལ་བརྟག་དཔྱད་གནང་ཡོད་པ་བཅས།།