༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་གྱི་ནོ་ཧི་ཊ་རུ་རྟེན་གཞི་བྱས་པའི་སྨན་ཁང་འཛིན་སྐྱོང་སློབ་རིག་ཁང་(Academy of Hospital Administration)དུ་ས་གནས་འཕྲོད་བསྟེན་སྨན་ཁང་ཁག་གི་འབྲེལ་ལས་རྣམས་ལ་སྨན་ཁང་སྟངས་འཛིན་བྱེད་ཕྱོགས་ཀྱི་སྦྱོང་བརྡར་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་སྦྱོང་བརྡར་ནང་རྒྱ་གར་ནང་གི་བོད་མིའི་ས་གནས་འཕྲོད་བསྟེན་སྨན་ཁང་བཅུ་གཅིག་གི་སྤྱི་ཁྱབ་དྲུང་ཡིག་མཉམ་ཞུགས་ཀྱིས་སྨན་ཁང་གི་སྤྱི་ཡོངས་འཛིན་སྐྱོང་སྟངས་འཛིན་བྱེད་ཕྱོགས་དང་། ལས་འཆར་སྟངས་འཛིན། མི་འགྲོ་བཀོལ་སྤྱོད་བྱེད་ཕྱོགས་སོགས་ཀྱི་སྐོར་སློབ་སྟོན་ཞུས་ཡོད་པ་བཅས།།