༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༢༥ ནས་ ༢༧ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་མཻ་སོར་དུ་རྟེན་གཞི་བྱས་པའི་ཨ་ཤ་ཀི་ར་ན་སྨན་ཁང་དུ་བོད་མི་འཕྲོད་ལས་པ་རྣམས་ལ་རེག་དུག་གཉན་སྲིན་(HIV)སྨན་བཅོས་བྱ་ཐབས་སྐོར་སྦྱོང་བརྡར་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཐེངས་འདིའི་སྦྱོང་བརྡར་ནང་འགྲོ་ཕན་སྨན་རྩིས་ཁང་གི་སྨན་པ་གཉིས་དང་སྨན་ཞབས་མ་བཅུ་དྲུག་མཉམ་ཞུགས་ཀྱིས་རེག་དུག་གཉན་སྲིན་གྱི་ནད་རྟགས་ངོས་འཛིན་བྱེད་ཕྱོགས་དང་། ནད་རྟགས་ཐོན་རྗེས་སློབ་སྟོན་བྱེད་ཕྱོགས་སོགས་དང་འབྲེལ་བའི་གནད་དོན་སྐོར་སློབ་སྟོན་ཞུས་ཡོད་པ་རེད།
ཨ་རིའི་རོགས་ཚོགས་པི་ཨར་ཨེམ་(PRM)གྱིས་མཐུན་འགྱུར་ཞུས་པའི་སྦྱོང་བརྡར་འདིའི་དམིགས་ཡུལ་གཙོ་བོ་ནི་སྨན་པ་དང་སྨན་ཞབས་མ་རྣམས་ལ་རེག་དུག་གཉན་སྲིན་སྤྱི་དང་། ཁྱད་པར་སྨན་བཅོས་དང་། ནད་པར་སློབ་སྟོན་བྱེད་ཕྱོགས་ཐད་སློབ་སྟོན་གྱིས་སྨན་བཅོས་ནུས་ཚད་གོང་མཐོར་གཏང་རྒྱུ་ཡིན་པ་བཅས།།