༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྨན་ཁང་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གཉིས་སུ་ཁབ་ལེན་མཉམ་འདར་འཇའ་ཤལ་བརྟག་ཐབས་ (Magnetic resonance spectroscopy) ཀྱི་འཕྲུལ་བཀོལ་སྤྱོད་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་བརྒྱུད་ཁབ་ལེན་མཉམ་འདར་འཇའ་ཤལ་བརྟག་ཐབས་ཀྱི་འཕྲུལ་ཆས་བཀོལ་སྤྱོད་བྱ་རྒྱུ་ཙམ་མ་ཟད། འཕྲོད་ལས་པ་རྣམས་ལ་ཁབ་ལེན་མཉམ་འདར་འཇའ་ཤལ་བརྟག་ཐབས་ཀྱི་འཕྲུལ་ཆས་སྐོར་སྤྱི་ཡོངས་ཀྱི་གོ་རྟོགས་སྤེལ་རྒྱུའི་དམིགས་ཚད་བཟུང་ཡོད་པ་བཅས།།