༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རི ང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ བཅས་ལས་གྲུབ་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོ གས་ཆུང་ནས་རྒྱ་གར་དབུས་གཞུང་གི་ ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་ ཇ་མུ་ཀ་ཤི་མིར་ཁུལ་ལ་བོད་དོན་ཞུ ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་རྣམ་ པས་རྒྱ་གར་དབུས་གཞུང་གི་བློན་ཆེ ན་ཟུར་པ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུ ར་པ་སྐུ་ཞབས་ཤམ་ ལལ་ (Shri Sham Lal, Former Minister and MLA) མཆོག་དང་། ཇ་མུ་ཀ་ཤི་མིར་ཁུལ་གྱི་ཝི་ཤི་ཝ་ ཧིན་དྷུ་པ་ར་ཤཏ་ཚོགས་པའི་ཚོགས་ གཙོ་སྐུ་ཞབས་ཝི་ཀ་རམ་ རན་དྷ་ཝ་ (Shri. Vikram Randhawa, President of Vishwa Hindu Prashad, JK) མཆོག་སོགས་དང་ལྷན་རིམ་པས་མཇལ་ འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་ དྲག་གནས་སྟངས་སྐོར་ངོ་སྤྲོད་དང་ སྦྲགས། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོ ར་གནང་སྐྱོང་ཡོང་བ་ཞུས་གནང་ཡོད་ པ་དང་། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི ་བོད་དོན་ཞུ་ཡིག་དང་། དྲན་རྟེན་ཕྱག་རྟགས་བཅས་སོ་སོར་ ཕུལ་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།