༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རི ང་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ བཅས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༧ ནས་འགོ་འཛུགས་ཏེ། རྒྱ་གར་དབུས་གཞུང་གི་ཐད་ཀར་འཛི ན་སྐྱོང་འོག་ཡོད་པའི་ཇ་མུ་ཀ་ཤི་ མིར་ཁུལ་ལ་བོད་དོན་ཞུ་སྐུལ་གནང་ བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་རྣམ་ པས་ཇ་མུ་ཀ་ཤི་མིར་གྱི་སྤྱི་ཁྱབ་ བློན་ཆེན་གཞོན་པ་ཟུར་པ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ སྐུ་ཞབས་ཀ་ཝིན་དྷར་གྷུབ་ཏ་ (Shri. Kavinder Gupta, Former Deputy Chief Minister and Former Speaker Of Jammu and Kashmir Assembly) མཆོག་དང་།
གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱ བ་གཞོན་པ་ཟུར་པ་སྐུ་ཞབས་ཅན་དྷར་གྷུབ་ཏ་ (Shri. Chander Mohan Gupta, Former Deputy Mayor) མཆོག ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་ པའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ གཞོན་ལྕམ་སྐུ་ཀམ་ལ་གྷུབ་ཏ་ (Mrs Kamal Gupta, Vice president of BJP Women Association) མཆོག ཇ་མུ་ཁུལ་གྱི་གྲོང་སྡེ་ལྷན་ཚོ གས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ ཞབས་བྷལ་ཌེབ་སིངྒ་ (Shri Baldev Singh, Deputy Mayor of Jammu) མཆོག
ཇ་མུ་ཀ་ཤི་མིར་ཁྲིམས་ཞིབ་ལྷན་ཚོ གས་ཀྱི་ཚོགས་གཙོ་ (President of J&K High Court bar association) མཆོག ཇ་མུ་ཀ་ཤི་མིར་ཁུལ་གྱི་བྷི་ཇེ་ པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ སྐུ་ཞབས་ར་ཝིན་དྷར་རཡེ་ན་ (Ravinder Raina, President of BJP state J&K) མཆོག་དང་ཚོགས་གཞོན་སྐུ་ཞབས་ཨ་སི མ་བྷེ་ (Asim bai, Vice president BJP state J&K) མཆོག ཇ་མུ་ཀ་ཤི་མིར་ཚོང་དོན་ལྷན་ཚོ གས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་རུན་གྷུབ་ཏ (Mr Arun Gupta, President of Chamber of commerce J&K) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཨ་ནིལ་ཀུ་མར་ (Mr Anil Kumar, Senior vice president) མཆོག སྤྱི་ཁྱབ་དྲུང་ཆེ་མ་ནེ་ཤི་གྷུབ་ཏ་ (Mr Manesh Gupta General Secretary) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲ ད་ཀྱིས་བོད་དོན་ཐོག་སྔར་ལྷག་རྒྱ བ་སྐྱོར་ཡོང་ཐབས་སྐོར་སོགས་ཞུས་ གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་བོད་དོན་ཞུ་ཡིག་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེ ན་ཕྱག་རྟགས་བཅས་སོ་སོར་ཕུལ་གནང་ ཡོད་པ་བཅས། །