༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ ་བརྟན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣ མ་གཉིས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༨ ནས ༢༤ བར་གྱི་རྒྱ་གར་གུ་ཇ་རཏ་མངའ་སྡེ འི་ནང་གི་བོད་དོན་ཞུ་སྐུལ་ཀྱི་ ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ ཡོད།
དེ་ཡང་ཕྱི་ཚེས་ ༡༧ ཉིན་གུ་ཇ་ར་ཐའི་མངའ་སྡེའི་གྲོང་ ཁྱེར་ཨེམ་དྷ་བྷ་དྷ་ (Ahmedabad) ལ་ཕེབས་ཐོན་གྱིས་དེ་གའི་གནམ་ཐང་ དུ་ཕེབས་འབྱོར་སྐབས། ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོ ར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ མི་ཏ་ཇ་ཡོ་ཊི་ཀར་ (Dr. Amit Jyotikar, Regional Convener of Core Group for Tibetan Cause – India) ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོ གས་མི་སྐུ་ཞབས་ཇ་ཡེན་དྷ་ར་ སུ་ཊ་རི་ཡ་ (Jayendra Sutariya, ITFS) ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ ་ལེན་དང་། དེ་ནས་ཁོང་རྣམ་གཉིས་ཀྱི་སྣེ་ལེ ན་ཐོག་རླངས་འཁོར་བརྒྱུད་བྷ་རོ་ ཌ་ (Baroda) གྲོང་ཁྱེར་ལ་ཕེབས་ཐོན་གནང་ཞིང་། དེར་མཱ་ཧ་ར་ཇཱ་ ས་ཡ་ཇི་རའོ་ གཙུག་ལག་སློབ་གཉེར་ཁང་ (Maharaja Sayajirao University) ནང་སློབ་གཉེར་གནང་མཁན་ས་གནས་བོ ད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོ གས་གཙོ་ཐུབ་བསྟན་སྒྲོལ་མ་ལགས་ དང་རྒྱུན་ལས་རྣམས་ནས་མགྲོན་ཁང་ ལ་ཕེབས་བསུ་ཞུས་གནང་འདུག
ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་མཱ་ཧ་ར་ཇཱ་ ས་ཡ་ཇི་རའོ་ གཙུག་ལག་སློབ་གཉེར་ཁང་གི་སྲིད་ དོན་ཚན་རིག་སྡེ་ཚན་དང་། ཨ་ཏལ་ བྷི་ཧ་རི་ ཝ་ཇ་བྷེ་སྲིད་བྱུས་ཉམས་ཞིབ་དང་། རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་ ཁང་ཟུང་འབྲེལ་གྱི་གོ་སྒྲིག་འོག མཐོ་སློབ་ཀྱི་ཆབ་སྲིད་སྡེ་ཚན་ དང་། ཁྲིམས་ལུགས་སྡེ་ཚན། ལོ་རྒྱུས་སྡེ་ཚན། གསར་འགྱུར་སྡེ་ཚན། བོད་པའི་སློབ་མ་བཅས་ཁྱོན་དགེ་སློ བ་ ༡༠༠ ལྷག་འདུ་འཛོམས་གནང་བའི་ཐོག་དེ་ གའི་མཐོ་སློབ་ཀྱི་སྲིད་དོན་ཚན་ རིག་སྡེ་ཚན་གྱི་སློབ་དཔོན་ཨེ་མི ་ཏ་ དྷོ་ལ་ཀ་ཡ་ (Professor Amit Dholakia, Head of Department, Political Science Department) ལགས་ནས་ཚོགས་འདུ་དབུ་འབྱེད་ཀྱི་ གསུང་བཤད་དང་། ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོ ར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ མི་ཏ་ ཇ་ཡོ་ཊི་ཀར་ལགས་ཀྱིས་བོད་མི་མང་ སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་ དང་། ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོ ར་གནང་བའི་སྐོར་ལ་གསུང་བཤད། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱི ས་བོད་ནང་རྒྱ་དམར་གཞུང་གིས་ཁོར་ ཡུག་གཏོར་སྐྱོན་དང་། འགྲོ་བ་མིའི་ཐོང་ཐང་ཁག་ལ་རྩིས་ མེད་རྡོག་རོལ་བཏང་དང་གཏོང་བཞིན་ ཡོད་པའི་གནས་སྟངས་སྐོར་ངོ་སྤྲོ ད་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐོག་མར་ད་རེས་ས་གནས་རྒྱ་ གར་བོད་དོན་རྒྱབ་སྐྱོར་ཚོགས་པའི ་ཚོགས་གཙོ་སྐུ་ཞབས་ཨ་མི་ཏ་ ཇ་ཡོ་ཊི་ཀར་ (Dr. Amit Jyotikar, Regional Convener of Core Group for Tibetan Cause India) ལགས་ཀྱིས་འབྲེལ་མཐུད་གནང་བའི་ཐོ ག་དེ་གའི་གཙུག་ལག་སློབ་གཉེར་ཁང་ དུ་བོད་དོན་གཏམ་བཤད་ཀྱི་ལས་རིམ་ གོ་སྒྲིག་ཞུ་ཐུབ་པར་ཐུགས་རྗེ་ཆེ ་ཞུས་པ་དང་སྦྲགས། ལོ་རྒྱུས་ཐོག་བོད་རང་བཙན་གྱི་ གནས་བབ་དང་། ད་ལྟའི་ཆར་བོད་འདི་རྒྱ་དམར་གཞུ ང་གི་བཙན་དབང་འོག་ཡོད་པའི་གནས་ སྟངས། དེ་བཞིན་འཛམ་གླིང་གི་ཆབ་སྲིད་ འགྱུར་ལྡོག་ཁྲོད་རྒྱ་ནག་གི་གནས་ བབ་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ དང་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་སྐོར་ངོ་སྤྲོད་སོགས་གནང་རྗེ ས། ཚོགས་བཅར་བ་སློབ་མ་ཁག་ཅིག་གིས་ བོད་དོན་དང་འབྲེལ་བའི་དྲི་བ་ གནང་བར་སྤྱི་འཐུས་རྣམ་པ་གཉིས་ ནས་ལན་འདེབས་གསལ་བཤད་གནང་འདུགམཐར་གཙུག་ལག་སློབ་གཉེར་ཁང་འདིའི ་སྒྱུ་སྩལ་སྡེ་ཚན་གྱི་འགན་འཛིན་ སློབ་དཔོན་ཨ་དྷི་ཡ་ སེག་སི་ན་ (Prof Adhya Saxena, Dean Faculty of Arts) ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་ བཤད་གནང་བའི་ནང་། གཙོ་བོ་ཁོང་གིས་མཐོ་སློབ་འདིའི་ ནང་ཡོད་པའི་བོད་པའི་སློབ་མ་ཚོའི ་སློབ་སྦྱོང་དང་། སྤྱོད་ལམ་སོགས་གང་ཅིར་ཡག་པོ་ཡོ ད་པར་བསྔགས་བརྗོད་དང་། མཐོ་སློབ་ངོས་ནས་མུ་མཐུད་བོད་ པའི་སློབ་མ་རྣམས་ལ་རྒྱབ་སྐྱོར་ དང་། གཟིགས་སྐྱོང་ཡག་པོ་གནང་རྒྱུའི་ ཞལ་བཞེས་དང་། འཕགས་བོད་གཉིས་དབར་ཡུན་རིང་གི་ འབྲེལ་བའི་ལོ་རྒྱུས་ཁག་ཤེས་རྟོ གས་དགོས་པ་གལ་ཆེན་པོ་ཡིན་པ། བོད་དོན་རྒྱབ་སྐྱོར་གནང་དགོས་པ། མཐོ་སློབ་ནང་དུ་དེ་ལྟ་བུའི་གཏམ་ བཤད་ཀྱི་ལས་རིམ་གོ་སྒྲིག་ཞུ་རྒྱུ ་དང་། དེ་འབྲེལ་གྱི་གནད་དོན་ཁག་ལ་ཞིབ་ འཇུག་གནང་རྒྱུ་གལ་གནད་ཆེན་པོ་ཡི ན་སྐོར་གསུངས་གནང་འདུག
གསུང་བཤད་ཀྱི་ལས་རིམ་གྲུབ་རྗེས། མཐོ་སློབ་ངོས་ནས་སྤྱི་འཐུས་རྣམ་ པ་གཉིས་ལ་ཉིན་གུང་གསོལ་སྟོན་ བཤམས་གནང་འདུག ཉིན་རྒྱབ་མཐོ་སློབ་ཀྱི་གནའ་རྫས་ རྟོག་ཞིབ་སྡེ་ཚན་ (Department of Archaeology and Ancient History) དུ་ཕེབས་ཏེ། ཕྱི་ལོ་ ༢༠༡༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོ ན་ཆེན་པོ་མཆོག་དང་། རྒྱ་གར་སྲིད་བློན་མོ་དྷི་མཆོག་ རྣམ་གཉིས་ནས་དབུ་འབྱེད་གནང་བའི་ སློབ་གྲྭའི་འགྲེམ་སྟོན་ཁང་ལ་གཟི གས་སྐོར་དང་། སློབ་གྲྭ་འདིའི་གནའ་རྫས་རྟོག་ཞི བ་པས་གུ་ཇ་ར་ཏ་མངའ་སྡེ་ནས་འཚོལ་ ཞིབ་བྱུང་བའི་སྟོན་པའི་རིང་བསྲེ ལ་ལ་མཇལ་རྒྱུའི་གོ་སྐབས་བྱུང་ཡོ ད་འདུག
ཕྱི་ཚེས་ ༡༩ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉི ས་ནས་བོད་དོན་ཐོག་ཡུན་རིང་རྒྱབ་ སྐྱོར་གནང་མཁན་སྐུ་ཞབས་བྷ་ས་ཀར་ ཝི་ཡ་སེ་ (Dr Bhaskar Vyas) ལགས་དང་། ཁོང་གི་བཟའ་ཟླ་རཱཇཱ་ ཝི་ཡ་སེ་ (Dr Rajni Vyas) ལགས་རྣམ་པ་གཉིས་ལ་འཚམས་འདྲི་ཞུ་ བར་ཕེབས་ཏེ། ཁོང་རྣམ་པ་གཉིས་ནས་མི་ཚེ་ཧྲིལ་ པོར་བོད་དོན་ཐོག་རྒྱབ་སྐྱོར་ གནང་བ་དང་། དེ་བཞིན་བོད་དོན་འཐབ་རྩོད་ཀྱི་ ལས་འགུལ་ནང་དངོས་སུ་ཞུགས་པ། བོད་དོན་འཐབ་རྩོད་དང་འབྲེལ་བའི་ ཕྱག་དེབ་བཅས་བྲིས་གནང་ཡོད་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚབ་ཞུསཏེ། ཁོང་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུ ས་གནང་བ་དང་། སྐུ་ཞབས་བྷ་ས་ཀར་ ཝི་ཡ་སེ་ལགས་དགུང་ལོ་བགྲེས་པོར་ ཕེབས་ཡོད་ཀྱང་། བོད་ཀྱི་གནད་དོན་ཐོག་ད་དུང་ཡིན་ ནའང་ཐུགས་ཁུར་དང་དོ་སྣང་ཆེན་པོ་ གནང་གི་ཡོད་པ་དང་། ཁོང་ནས་བོད་ཀྱི་གཞོན་སྐྱེས་ཚོས་ བོད་དོན་འཐབ་རྩོད་ཐོག་འབད་བརྩོ ན་ཆེན་པོ་གནང་དགོས་སྐོར་ནན་པོར་ གསུངས་འདུག
ཉིན་རྒྱབ་བྷ་རོ་ཊ་ས་གནས་བོད་ཀྱི ་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲི ག་འོག མཱ་ཧ་ར་ཇཱ་ ས་ཡ་ཇི་རའོ་ གཙུག་ལག་སློབ་གཉེར་ཁང་ (Maharaja Sayajirao University) ནང་སློབ་གཉེར་གནང་མཁན་བོད་པའི་ སློབ་ཕྲུག་རྣམས་དང་ལྷན་ཐུག་འཕྲ ད་ཀྱིས་ཆུ་ཚོད་གསུམ་ལྷག་རིང་རྒྱ ་གར་གྱི་གཞོན་སྐྱེས་ཚོས་བོད་དོ ན་ཐོག་རྒྱབ་སྐྱོར་ཡོང་ཐབས་དང་། སློབ་མ་མི་རེ་ངོ་རེ་ནས་རྒྱ་གར་ གཙོས་པའི་རྒྱལ་ཁབ་གཞན་གྱི་གཞོན་ སྐྱེས་ཤེས་ཡོན་ཅན་ཚོ་དང་འབྲེལ་ ལམ་བཙུགས་ནས་བོད་ནང་གི་ཛ་དྲག་ གནས་སྟངས་ངོ་སྤྲོད་དང་། ཁོང་ཚོའི་རྒྱབ་སྐྱོར་ཐོབ་ཐབས་ཀྱི ་འགན་ཁུར་གཙོ་བོ་བཞེས་དགོས་རྒྱུ འི་འབད་བརྩོན་གནང་དགོས་པའི་ལམ་ སྟོན་དང་། སློབ་ཕྲུག་ཚོའི་དོགས་འདྲི་ཁག་ལ་ ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༢༠ ཉིན་བྷ་རོ་ཌ་གྲོང་ཁྱེར་གྱི་ལས་ རིམ་ཡོངས་རྫོགས་ལེགས་གྲུབ་ཟིན་ རྗེས། སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཨེམ་དྷ་བྷ་ད་ (Ahmedabad) གྲོང་ཁྱེར་ལ་ཕེབས་ཐོན་གནང་ཡོད་ པ་དང་། ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་ཧིན་བོད་མཛའ་འབྲེལ་ཚོ གས་པའི་གོ་སྒྲིག་འོག ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་ པའི་ཚོགས་གཙོ་སྐུ་ཞབས་ཨ་མེཏི་ ཇའོ་ཊི་ཀར་ (Dr. Amit Jyotikar, Regional Convener of Core Group for Tibetan Cause, Ahmedabad) ལགས་ཀྱིས་གཙོས་པའི་བོད་དོན་རྒྱ བ་སྐྱོར་ཚོགས་པ་ཧིན་བོད་མཛའ་འབྲེ ལ་ཚོགས་པ་ (India Tibet friendship society) དང་། (Bharat Tibbat samvad Manch) (Bharat Tibbat samnvay Sangh) རྒྱ་གར་ནང་པའི་མཐུན་ཚོགས་ (Buddhist Society of India) བཅས་ཀྱི་སྐུ་ཚབ་འཐུས་མི་ཉི་ཤུ་ ལྷག་དང་ལྷན་འཛོམས་ཀྱིས། བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ དང་ཤུགས་རྒྱ་ཆེ་རུ་གཏོང་ཕྱོགས། ལྷག་པར་དུ་རྒྱ་གར་གཞོན་སྐྱེས་ཚོ ས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ ཐབས་ལ་ཤུགས་རྒྱག་དགོས་པ་སོགས་ཀྱི ་སྐོར་ལ་ཕན་ཚུན་དགོངས་ཚུལ་བརྗེ་ ལེན་ལྷུགས་པོ་བྱུང་ཡོད་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོ གས་པའི་ཚོགས་མི་རྣམས་ལ་བོད་ནང་ གི་ད་ལྟའི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི ་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོ ར་སོགས་ངོ་སྤྲོད་ཞུས་གནང་ཡོད་ འདུག
ཕྱི་ཚེས་ ༢༡ ཉིན་ས་གནས་བོད་དོན་རྒྱབ་སྐྱོར་ ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མེ ཏི་ ཇའོ་ཊི་ཀར་ལགས་ཀྱི་གོ་སྒྲིག་འོག རྒྱ་གར་སྲིད་བློན་མོ་དྷི་མཆོག་ སློབ་གཉེར་གནང་ས་ཤྲི་རི་ ས་ཝའོ་མི་ནཱ་རཱ་ཡན་ (Shree Swaminarayan Arts College) མཐོ་སློབ་ཀྱི་དགེ་སློབ་གྲངས་ ༢༠༠ ལྷག་ལ་བོད་དོན་སྐོར་ངོ་སྤྲོད་ དང་། དེ་རྗེས་གུ་ཇ་ར་ཏ་མངའ་སྡེའི་བློ ན་ཆེན་ཟུར་པ་སྐུ་ཞབས་པར་དིབ་ པར་མར་ (Shri Pradip Parmar, Former minister of Gujarat) མཆོག་དང་མཇལ་འཕྲད་གནང་སྟེ། སྐུ་ཞབས་ཁོང་གིས་བོད་དོན་ཐོག་རྒྱ བ་སྐྱོར་དང་ཐུགས་ཁུར། དེ་བཞིན་བོད་མི་སུད་ཚོང་བ་རྣམས་ ལ་གཟིགས་སྐྱོང་གནང་བ་བཅས་ལ་ཐུ གས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོ ར་གནང་རྒྱུའི་རེ་སྐུལ་ཞུས་ཡོད་ འདུག
ཕྱི་དྲོ་བོད་མི་མང་སྤྱི་འཐུས་རྡོ ་རྗེ་ཚེ་བརྟན་ལགས་ཀྱིས་ (GTPL Gujarat News Channel) ཞེས་པའི་གསར་འགྱུར་ལས་ཁུངས་ཀྱི་ བརྙན་འཕྲིན་ཐད་གཏོང་ལས་རིམ་ཞིག་ཐོག་མཉམ་ཞུགས་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རི མ་ཁག་ངོ་སྤྲོད་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ གི་གནས་སྟངས། འཕགས་བོད་དབར་གྱི་འབྲེལ་ལམ། བོད་ཀྱི་གནད་དོན་དེ་བཞིན་རྒྱ་ གར་གྱི་བདེ་འཇགས་དང་ཆབ་སྲིད། ཁོར་ཡུག་སོགས་དང་ཐད་ཀར་འབྲེལ་བ་ ཆགས་བསྡད་ཡོད་པའི་སྐོར་སོགས་ལ་ བགྲོ་གླེང་གནང་བ་དང་། ལྷག་པར་དུ་རྒྱ་གར་མི་རབས་གསར་པ་ རྣམས་ཀྱིས་བོད་ཀྱི་གནད་དོན་ཤེས་ དགོས་པ་གལ་ཆེན་པོ་ཡིན་པ་དང་། རྒྱ་གར་གཞུང་དང་གྲོས་ཚོགས་ཀྱི་ ངོས་ནས་བོད་དེ་ལོ་རྒྱུས་ཐོག་རང་ བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་དམར་གྱིས་ཁྲིམས་ འགལ་བཙན་འཛུལ་འོག་བོད་དེ་བཞིན་ རྒྱ་ནག་གི་དབང་བསྒྱུར་འོག་གནས་ ཡོད་པར་ངོས་འཛིན་བྱེད་དགོས་པའི་ དུས་ལ་བབ་ཡོད་པའི་སྐོར་སོགས་ནན་ བརྗོད་གནང་ཡོད་འདུག
དེ་རྗེས་རྒྱ་གར་གྲོས་ཚོགས་གོང་ མའི་འཐུས་མི་དང་། གུ་ཇ་ར་ཏ་མངའ་སྡེའི་སྤྱི་ཁྱབ་བློ ན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་ནར་ ཧ་རི་ ཨ་མིན་ (Shri Narhari Amin, Member of Parliament, Rajya Sabha and Former Deputy Chief Minister of Gujarat) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཞུ་ཡིག་ཕུལ་བ་དང་སྦྲགས། རྒྱ་གར་གྲོས་ཚོགས་ནང་བོད་དོན་ཐོོ ག་གླེང་སློང་དང་། གྲོས་འཆར་འདོན་རྒྱུ་སོགས་བོད་དོ ན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་ རྒྱུའི་རེ་སྐུལ་ཞུས་གནང་འདུག
ཕྱི་ཚེས་ ༢༢ ཉིན་གུ་ཇ་རཏ་མངའ་སྡེའི་བོད་དོན་ རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་ འོག བོད་མི་མང་སྤྱི་འཐུས་རྣམ་པ་གཉི ས་ནས་གུ་ཇ་རཏ་མངའ་སྡེའི་རྒྱལ་ས་ གྷན་དྷི་ན་གྷར་དུ་རྟེན་གཞི་བྱས་ པའི་ཨ་ནན་ཊ་སྨན་ཞབས་མཐོ་སློབ་ (Ananta Institute of Nursing) དང་། ཀམ་ལ་ ཨམ་རུ་ཏ་སྨན་ཞབས་མཐོ་སློབ་ (Kamla Amrut Institute of Nursing) བཅས་གཉིས་ལ་ཕེབས་ཏེ། དགེ་སློབ་གྲངས་ ༣༠༠ ལྷག་ལ་བོད་དང་བོད་ཀྱི་ལོ་རྒྱུས་ དང་། ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་ དང་། དེ་རྗེས་སྤྱི་འཐུས་རྣམ་པ་གཉིས་ ནས་གུ་ཇ་རཏ་མངའ་སྡེའི་དཔལ་འབྱོ ར་བློན་ཆེན་སྐུ་ཞབས་ཀ་ནུ་བྷེ་ དྷེ་སའེ་ (Shri. Kanubhai Desai, Gujarat Finance Minister) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ ཞུ་ཡིག་ཕུལ་བ་དང་། དེ་བཞིན་བོད་དོན་སྐོར་ངོ་སྤྲོད་ དང་སྦྲགས། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོ ར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ ས་ཡོད་པ་དང་། ཕྱི་དྲོ་ཨེམ་དྷ་བྷ་དྷ་ལ་རྟེན་ གཞི་བྱས་པའི་བོད་ཀྱི་སྨན་རྩིས་ ཁང་ལ་གཟིགས་སྐོར་དུ་ཕེབས་གནང་ཡོ ད་འདུག
ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་ པ་གཉིས་ལོག་མན་ཡཱ་ (Lokmanya College) མཐོ་སློབ་ཏུ་ཆེད་བཅར་གྱིས་དེ་ གའི་དགེ་སློབ་རྣམས་ལ་རྒྱ་གར་གྱི ་གཞོན་སྐྱེས་ཚོའི་ངོས་ནས་བོད་ཀྱི ་ལོ་རྒྱུས་དང་། འཕགས་བོད་འབྲེལ་ལམ་སྐོར་ཤེས་དགོ ས་པའི་སྐོར་ལ་གསུང་བཤད་གནང་ཡོད་ པ་དང་། དེ་ནས་གུ་ཇ་རཏ་མངའ་སྡེའི་ནང་གི་ གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་ (Gujarat University) ནས་གདན་ཞུས་ལྟར། བོད་མི་མང་སྤྱི་འཐུས་རྣམ་པ་གཉི ས་མཐོ་སློབ་དེར་ཕེབས་ཤིང་། དེར་དེ་གའི་མཐོ་སློབ་ཀྱི་སེམས་ ཁམས་རིག་པ་དང་། ལྟ་གྲུབ། ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་སློ བ་དཔོན་ཆེན་མོ་མ་ནོ་ཇི་ ཤ་ས་ཏྲི་ (Prof. Manoj Shastri, Head of School of Psychology, Philosophy and Education Department) ལགས་ཀྱིས་སྣེ་ལེན་གྱིས་ཚོགས་ཁང་ ནང་གདན་འདྲེན་ཞུས་རྗེས། དགེ་སློབ་འདུ་འཛོམས་ཐོག་སྤྱི་ འཐུས་རྣམ་པ་གཉིས་ངོ་སྤྲོད་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་ པའི་ཚོགས་གཙོ་སྐུ་ཞབས་ཨ་མི་ཏ་ ཇའོ་ཊི་ཀར་ (Dr. Amit Jyotikar, Regional Convener of Core Group for Tibetan Cause, India) ལགས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ གུ་ཇ་རཏ་མངའ་སྡེའི་ནང་ཕེབས་དགོ ས་པའི་དམིགས་ཡུལ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ ལས་དོན་བྱེད་ཕྱོགས་སྐོར་སོགས་ངོ ་སྤྲོད་གནང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱི ས་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ སྐད་ཡིག་དང་། རིག་གཞུང་རྩ་མེད་བཟོས་དང་བཟོ་ བཞིན་པའི་སྐོར་ངོ་སྤྲོད་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྙན་པར་གཟིགས་འབུལ་དང་སྦྲ གས། ལོ་རྒྱུས་ཐོག་བོད་རང་བཙན་གྱི་ གནས་བབ་ཡིན་པའི་ཁུངས་སྐྱེལ་དཔང་ རྟགས་ངོ་སྤྲོད་དང་། ད་ལྟའི་ཆར་བོད་དེ་རྒྱ་ནག་གི་ བཙན་པོའི་དབང་བསྒྱུར་འོག་ཡོད་ པའི་དཀའ་ངལ། དེ་བཞིན་འཛམ་གླིང་གི་ཆབ་སྲིད་ འགྱུར་ལྡོག་ཁྲོད་རྒྱ་ནག་གི་གནས་ བབ་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ དང་བོད་མི་མང་སྤྱིའཐུས་ལྷན་ཚོ གས་ཀྱི་སྐོར་ངོ་སྤྲོད་སོགས་གནང་ ཡོད་འདུག
ཉིན་རྒྱབ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གྲོས་ཚོགས་ནས་གཏན་ འབེབས་གནང་བ་གཞིར་བཟུང་། རྒྱ་གར་ནང་སྲིད་ལས་ཁུངས་ཁྱབ་ཁོ ངས་ཀྱི་མཐོ་སློབ་ (Rashtriya Raksha University) ཀྱི་དགེ་རྒན་འབུམ་རམས་པ་ཨེལ་ ཝན་ཀ་ཏི་ས་ཝ་རན་ (Dr. L. Venkateswaran, Director of School of International Cooperation, Security and Strategic Languages) ལགས་ཀྱི་གོ་སྒྲིག་འོག དེ་གའི་མཐོ་སློབ་ཏུ་སྤྱི་འཐུས་ རྣམ་པ་གཉིས་ལ་གསོལ་ཚིགས་འདེགས་ འབུལ་དང་། དེ་རྗེས་མཐོ་སློབ་ཀྱི་ཉེ་བའི་རི གས་བདག་དང་། རྒྱ་གར་བདེ་འཇགས་སློབ་སྟོན་ཚོ གས་ཆུང་གི་ཚོགས་མི་སློབ་དཔོན་ཆེ ན་མོ་བྷི་མལ་ ནན་ པ་ཊེལ་ (Professor (Dr.) Bimal N. Patel, Vice-Chancellor, Rashtriya Raksha University, and Member, National Security Advisory Board of India) མཆོག་དང་མཇལ་འཕྲད་ཀྱིས་ཕན་ཚུན་ སྐར་མ་ཉི་ཤུ་ཙམ་གྱི་རིང་དགོངས་ ཚུལ་བརྗེ་ལེན་གནང་ཡོད་པ་དང་། དེ་ནས་སློབ་དཔོན་ཀལ་པི་ཤི་ ཨེ་ཇི་ ཝན་དྷར་པོ་རོ་ (Prof.(Dr.) Kalpesh. H. Wandra Pro) མཆོག་གིས་སྣེ་ཁྲིད་འོག མཐོ་སློབ་ཀྱི་སྡེ་ཚན་ཆེ་ཁག་ལྔའི ་འགན་འཛིན་རྣམས་དང་ལྷན་སྐར་མ་ བཞི་ཅུ་ལྷག་རིང་ཚོགས་འདུ་ཚོགས་ པ་དང་། འགན་འཛིན་རྣམས་ནས་སྡེ་ཚན་རེ་རེ་ བཞིན་ངོ་སྤྲོད་གནང་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་བོད་དོ ན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོ ན་བྱེད་ཕྱོགས་སྐོར་ངོ་སྤྲོད་དང་ ། མ་འོངས་པར་མཐོ་སློབ་དང་མཉམ་དུ་ འབྲེལ་ལམ་འཛུགས་ཕྱོགས་དང་། མཐོ་སློབ་ཀྱི་སྡེ་ཚན་ཁག་ནང་བོད་ པའི་སློབ་མ་སློབ་འཇུག་ཡོང་ཐབས་ སོགས་ཀྱི་སྐོར་ལ་བཀའ་བསྡུར་ལྷུ ག་པོ་གནང་བ་དང་། དེ་རྗེས། མཐོ་སློབ་འདིའི་ནང་བོད་ཡིག་དང་། རྒྱ་ཡིག་དགེ་རྒན་གནང་མཁན་བོད་ དགེ་ནོར་བུ་དབང་རྒྱལ་ལགས་ཀྱིས་ སྣེ་ཁྲིད་འོག སྤྱི་འཐུས་རྣམ་པ་གཉིས་ནས་མཐོ་སློ བ་དེའི་རྒྱལ་སྤྱིའི་འབྲེལ་ལམ་ དང་། བདེ་འཇགས། སྐད་ཡིག་སྡེ་ཚན་ (School of International Cooperation, Security and Strategic Languages) ནང་ལ་གཟིགས་སྐོར་གནང་རྗེས། སྡེ་ཚན་དེའི་སློབ་མ་ལྔ་བཅུ་ཙམ་ ལ། གོང་གསལ་བཞིན་བོད་དོན་སྐོར་ངོ་ སྤྲོད་དང་། སློབ་ཕྲུག་ཚོའི་དྲི་བ་ཁག་ལ་ལན་ འདེབས་གསལ་བཤད་གནང་ཡོད་པ་རེད།
ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཀར་ན་ཝ་ཊི་ (Karnavati University) གཙུག་ལག་སློབ་གཉེར་ཁང་གི་དགེ་སློ བ་བརྒྱད་ཅུ་ལྷག་ལ་བོད་དོན་སྐོར་ ངོ་སྤྲོད་དང་། ཁོང་རྣམས་པའི་དོགས་འདྲི་ཁག་ལ་ ལན་འདེབས་ཞུས་རྗེས། དགེ་རྒན་ཆེན་མོ་ལྕམ་སྐུ་བསོད་ ནམས་ མན་སུ་ཁ་ནི་ (Dr. Sonam Mansukhani) ལགས་ཀྱིས་ད་ལན་བོད་མི་མང་སྤྱི་ འཐུས་རྣམ་པ་གཉིས་མཐོ་སློབ་ལ་ཕེ བས་ནས་གསུང་བཤད་གནང་བར་ཐུགས་རྗེ ་ཆེ་ཞུས་པ་དང་། མཐོ་སློབ་ཀྱི་དྲན་རྟེན་ཕྱག་རྟ གས་སོ་སོར་ཕུལ་གནང་འདུག
ཉིན་རྒྱབ་སྤྱི་འཐུས་རྡོ་རྗེ་ཚེ་ བརྟན་ལགསདང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོ གས་གཙོ་སྐུ་ཞབས་ཨ་མིཏ་ ཇའོ་ཊི་ཀར་ལགས་རྣམ་གཉིས་ཀྱིས་ (Jamawat.com) ཞེས་པའི་གསར་ཁང་གི་བརྙན་འཕྲིན་ བཅར་འདྲིར་དང་ལེན་གྱིས། སྐར་མ་བཞི་བཅུ་ལྷག་རིང་བོད་ཀྱི་ ལོ་རྒྱུས་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟ ངས། བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེ ལ་རིམ། འཕགས་བོད་དབར་གྱི་འབྲེལ་ལམ། དེ་བཞིན་སྤྱི་ཡོངས་ཀྱི་བོད་དོན་ འཐབ་རྩོད་སོགས་ཀྱི་སྐོར་ལ་བགྲོ་ གླེང་གནང་རྗེས། སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྒྱ་ གར་ར་ཇི་སི་ཐན་དང་། གུ་ཇ་རཏ་མངའ་སྡེ་གཉིས་ནང་བདུན་ ཕྲག་གཉིས་རིང་གི་བོད་དོན་ཞུ་སྐུ ལ་དང་། མཐོ་སློབ་ཁག་ནང་བོད་དོན་ངོ་སྤྲོ ད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུ བ་ཟིན་པ་དང་། ཕྱི་ཚེས་ ༢༥ ཉིན་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ ལིར་ཕྱིར་ཕེབས་ཐོན་གནང་རྒྱུ་ཡི ན་འདུག
ད་ཐེངས་ཀྱི་གུ་ཇ་རཏ་མངའ་སྡེ་ནང་ གི་བོད་དོན་ཞུ་སྐུལ་སྐབས་ས་གནས་ བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོ གས་གཙོ་སྐུ་ཞབས་ཨ་མིཏ་ ཇའོ་ཊི་ཀོར་ (Dr Amit Jyotikar, Regional Convener of Core Group for Tibetan Cause – India) ལགས་ནས་མཐུན་འགྱུར་གང་ལེགས་གནང་ ཡོད་འདུག་པ་དང་། དེར་སྤྱི་འཐུས་ རྣམ་པ་གཉིས་ཀྱིས་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ སྐུ་ཞབས་ཁོང་ལ་ཐུགས་རྗེ་ཆེ་ཞུས་ གནང་ཡོད་པ་བཅས། །